ཁུང་ཙི།

ཁུང་ཙི་ནི་(ད་ལྟའི་ཧྲན་ཏུང་ཆུས་ཧྥུའུ་)ཡི་མི་ཡིན་ཞིང་ཁོང་གི་ཕ་ཡུལ་ནི་ཧ་ནན་ཤའ་ཡི་དུ་རེད། ཁོང་ནི་ཀྲུང་གོའི་ཁྲོན་ཆིའུ་དུས་རབས་ཀྱི་བསམ་བློ་བ་མཁས་ཅན་དང་སློབ་གསོ་མཁས་ཅན་ཞིག་རེད། ཁུང་ཙི་ནི་ཀྲུང་ཧྭ་རིག་གནས་ནང་གི་གཞུང་ལུགས་གཙོ་བོ་རུའུ་ལུགས་ཀྱི་སློབ་དཔོན་ཐོག་མ་རེད།

Confucius Tang Dynasty
ཁུང་ཙི།

མི་ཚེ།

ཁུང་ཙིའི་མཚན་ལ་ཆིའུ་དང་མཚན་གཞན་ལ་ཀྲུང་ཉི་ཞུ་ཞིང་ལུའུ་རྒྱལ་ཁབ་ཀྱི་མི་ཡིན​། སྐུ་ན་གཞོན་དུས་དཔོན་ཆུང་ཙམ་མཛད་མྱོང་།[༡] དགུང་ལོ་ལྔ་བཅུར་བུད་པའི་གཞུག་ཏུ་ད་གཟོད་ལུའུ་རྒྱལ་ཕྲན་གྱི་སི་ཁུའུ་ཞེས་པའི་ཁྲིམས་དཔོན་གྱི་གོ་ས་ཐོབ་ཀྱང་ཆབ་སྲིད་ཀྱི་ལྟ་བ་གཞན་དང་མི་མཐུན་པས་ཅང་མ་འགོར་པར་ལུའུ་རྒྱལ་ཁབ་དང་བྲལ། སྐབས་དེར་རྒྱལ་ཁམས་ཡོངས་སུ་ལུགས་སྲོལ་ཞིག་ཅིང་ཉམས་པར་གྱུར་ཏེ་རྒྱལ་ཕྲན་རྒྱལ་པོ་གནམ་སྲས་གོང་མ་ལས་སྟོབས་ཀྱིས་དྲེགས་ཤིང་ཏ་ཧྥུ་(དཔོན་གནས་ཤིག)རྒྱལ་ཕྲན་རྒྱལ་པོ་ལས་མངའ་ཐང་རྒྱས་པ་བྱུང་བའི་ཁར། བློན་པོ་དང་རྒྱལ་ཕྲན་རྒྱལ་པོས་རྒྱུན་པར་གྱེན་ལོག་བྱས་ནས་གནམ་སྲས་གོང་མའི་དབང་ཆ་སྤྱོད་པ་བྱུང་། གནས་ཚུལ་དེ་དག་བསྒྱུར་བའི་ཆེད་དུ། ཁུང་ཙི་རྒྱལ་ཕྲན་ཀུན་ཏུ་འགྲིམས་པ་གནང་ནས་ཀྲོའུ་རྒྱལ་རབས་ཀྱི་གུས་སྲོལ་སྤེལ་ཀྱང་ཕམ་ཁ་ཡང་ཡང་བཞེས་དགོས་བྱུང་། ཁོང་ཉིད་ཕྱིར་ལུའུ་རྒྱལ་ཕྲན་དུ་ཕེབས་རྗེས། སློབ་བུ་བསྡུས་ནས་སློབ་ཁྲིད་གནང་བ་བརྒྱུད་དེ་མུ་མཐུད་དུ་རང་ཉིད་ཀྱི་ཆབ་སྲིད་ཕུགས་བསམ་ཁྱབ་སྤེལ་མཛད་པས་རླབས་ཆེ་བའི་བསམ་བློ་པ་དང་སློབ་གསོ་པ་ཞིག་ཏུ་གྱུར།

པར་རིས་བར་འཁྱམས།

LifeAndWorksOfConfucius1687

ཟིན་ཐོ་འམ་དཔྱད་གཞི།

  1. "ལོ་རྒུས་བཤད་པ།" ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧
ཀོང་ཙེ་

འདི་ལ་བོད་ཡིག་ཐོག་བཤད་ཚུལ་མི་འདྲ་བ་འགའ་ཞིག་སྣང་ཞིང་། ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི《གྲུབ་མཐའ་ཤེལ་གྱི་མེ་ལོང》གི་ནང་གསེས་མ་ཧཱ་ཙི་ནའི་ཡུལ་དུ་རིག་བྱེད་དང་གྲུབ་མཐའ་བྱུང་ཚུལ་གྱི་ཐད་ཤེའུ་འམ་བཞུ(儒)ཞེས་གྲགས་པའི་གཞུང་རྩོམ་པ་པོ་ཁུང་ཧྥུ་ཙིའམ་ཁུང་ཙི(孔子)ཞེས་འབོད་པ་དང་། བོད་སྐད་ཐོག་ཀོང་ཙེ་ཞེས་སུ་གྲགས་པ་མིང་གི་རྣམ་གྲངས་ཡིན་པ་དང་། རྒྱ་སྐད་ཀྱི་སྒྲ་བོད་སྐད་ཐོག་ཇི་བཞིན་མ་ཐོན་པར་ཀོང་ཙེ་ཞེས་ཟུར་ཆག་པ་ཡིན་པར་གསུངས་ཤིང《མདོ་སྨད་ཆོས་འབྱུང》ལས་ཀྱང་དེ་དང་འདྲ་བར་གསུངས། འདི་ཉིད་བྱུང་བའི་དུས་ཚོད་སྐོར《ཐུའུ་བཀྭན་གྲུབ་མཐའ》ལས་སངས་རྒྱས་འཇིག་རྟེན་དུ་བྱོན་ནས་ལོ་ཧ་ཅང་མི་མང་ཙམ་ན། ཊིའུ་ཝང(周王)ཞེས་པའི་རྒྱལ་རབས་ཀྱི་མཇུག་ཙམ་ཊིའུ་ཝིང་ཝང(周文王)གི་དུས་སུ་རྒྱ་ནག་གི་ཞིང་ས་ཆེན་པོ་བཅུ་གསུམ་གྱི་ཡ་གྱལ་ཤན་དུང(山东)གི་ཡུལ་དུ་བྱུང་ཞིང་། ལོ་རྒྱུས་དང་རྣམ་ཐར་རྒྱ་ཡུལ་ཀུན་ཏུ་གྲགས་ཆེ་ཞིང་སྐྱེས་མཆོག་ཁྱད་པར་ཅན་ཞིག་ཡིན་པར་སྣང་ཞེས་གསལ། ༡༩༧༩ལོར་ཧྲང་ཧེའི་ཚིག་མཛོད་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས་པའི《རྒྱ་ཡིག་ཚིག་མཛོད་ཆེན་མོ》ཤོག་གྲངས༡༡༡༩ཐོག་ཁུང་ཙི་ཞེས་པའི་འགྲེལ་བཤད་ནང་གསལ་བར། ཁུང་ཙི(སྤྱི་ལོའི་གོང༥༥༡ནས༤༧༩)ནི་ཁྲུན་ཆིའུ་དུས་མཇུག་གི་བསམ་བློ་མཁས་ཅན་དང་། ཆབ་སྲིད་མཁས་ཅན། སློབ་གསོ་མཁས་ཅན། རུ་ལུགས(儒家)ཀྱི་གསར་གཏོད་པ་བཅས་ཡིན་པ་དང་། མིང་གཞན་ཁུང་ཆིའུ(孔丘)དང་། ཀྲུང་ཉི(仲尼)ཡང་ཟེར། ཁྲུན་ཆིའུ་དུས་རབས་ཀྱི་ལུའུ་རྒྱལ་ཁབ་ཀྱི་ས་གནས་ཙོའུ་ཡེ་སྟེ་དེང་སང་ཧྲན་ཏུང་གི་ཆུས་ཧྥུ་གྲོང་ཚོའི་མི་རེད། གཞོན་ནུའི་དུས་སྐབས་སུ་ལུའུ་རྒྱལ་ཁབ་ཀྱི་ནོར་ལུག་དང་འབྲུ་གཟན་དོ་དམ་བྱེད་མཁན་གྱི་དཔོན་ཆུང་བྱེད་མྱོང་བ་དང་། རྗེས་སུ་ལུའུ་རྒྱལ་ཁབ་ཀྱི་ཁྲིམས་དཔོན་དང་། བློན་ཆེན་གྱི་ལས་ཚབ་ཀྱང་བྱས་མྱོང་། ལོ་ན་མཐོ་པོར་སླེབས་རྗེས་སློབ་གསོའི་ལས་ཀ་དང་། གནའ་རབས་ཀྱི་གཞུང་ཁག་གཅིག་ཕྱོགས་བསྒྲིགས་བྱས་པའི་ནང་ནས་ལུའུ་རྒྱལ་ཁབ་ཀྱི་ལོ་རྒྱུས་ཟིན་ཐོ《ཁྲུན་ཆིའུ》(春秋)ལ་བཅོས་སྒྲིགས་བྱས་པ་དེ་ནི་རང་རྒྱལ་གྱི་ཐེངས་དང་པོའི་ཆ་ཚང་བའི་ལོ་རྒྱུས་ཆེད་རྩོམ་ཞིག་ཡིན། ཁོང་ལ་སློབ་མ་སུམ་སྟོང་ལྷག་ཙམ་བྱུང་བའི་ནང་ནས་སྙན་གྲགས་ཡོད་པའི་སློབ་མ་བདུན་ཅུ་ལྷག་ཙམ་ཡོད་ཅིང་། ཁོང་གིས་བྱམས་སྐྱོང་དང་། གུས་བཀུར་སོགས་ཆབ་སྲིད་སྐྱོང་སྟངས་ཀྱི་རྣམ་བཞག་མང་པོ་ཞིག་བཤད་པ་རྣམས་སློབ་མ་རྣམས་ཀྱིས་རྒྱས་འགྲེལ་བྱས་པ་ལ་རྒྱ་སྐད་དུ་སི་ཧྲུའུ(四书)ཞེས་བོད་སྐད་དུ་དེབ་བཞིའམ་ཡིག་ཆ་བཞི་ཞེས་འབོད་པ་དེ་ཡིན་པར་བཤད། རྒྱལ་ནང་གི་རྒྱལ་རབས་མང་པོའི་རིང་ཆབ་སྲིད་སྐྱོང་སྟངས་དང་། ཁྲིམས་ལུགས། མི་ཆོས་བྱེད་ལུགས་སོགས་ཁུང་ཙི་འདིས་བྱས་པའི་ལུགས་ཀྱི་བསྟན་བཅོས་ཚད་མར་བཟུང་བ་དང་། རྒྱལ་སྲིད་ཀྱི་སློབ་དཔོན་དུ་རྩིས་ནས་ཁུང་ཙིའི་འདྲ་བརྙན་དང་མིང་བྱང་ལ་རྒྱལ་པོ་རིམ་བྱུང་གིས་ཕྱག་འཚལ་བ་དང་། ཁུང་ཙིའི་མི་བརྒྱུད་ལ་གུང་གི་གོ་གནས་གནང་སྲོལ་ཡོད་པའི་ཐོག། ད་ལྟའི་གུང་འདི་ཁུང་ཙི་ནས་རྩིས་པའི་མི་རབས་དོན་གསུམ་པ་ཡིན་ཞེས《ཐུའུ་བཀྭན་གྲུབ་མཐར》གསལ། 《མཁར་ནག་ལོ་ཙཱ་བའི་ཆོས་འབྱུང》ལས་བྱམས་པ་འབུམ་གླིང(དེང་སང་ཀན་སུ་ཞིང་ཆེན་གྱི་ཡུང་ཆིན་རྫོང་ཁོངས་རྨ་ཆུའི་འགྲམ་དུ་ཡོད་པ)གི་བྱམས་པ་དེ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་བཞེངས་ཚུལ་གསུངས་པ་དེ་ནི་ཀོང་ཙེ་དང་མིང་འདྲ་བ་ཙམ་ལས་དོན་མི་འདྲ། ཁུང་ཙིའི་ལྟ་གྲུབ་སྐོར་མདོར་བསྡུས་ཙམ《ཐུའུ་བཀྭན་གྲུབ་མཐའ》ཀན་སུའུ་དཔེ་སྐྲུན་ཁང་གིས་བཏོན་པའི་ལྕགས་དཔར་མའི་ཤོག་གྲངས༣༩༤ནས༣༩༦དང་ཤོག་གྲངས༤༠༢ནས༤༠༤བར་གསལ་བ་དེར་གཟིགས།

༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

ཁུང་ཙིའི་གཞུང་ལུགས།

ཁུང་ཙིའི་གཞུང་ལུགས་ཞེས་པ་ནི་ཀྲུང་གོའི་ཚད་མ་རིག་པ་མཁས་ཅན་ཁུང་ཙི་ཡིས་སློབ་གསོ་བསམ་བློ་དང་ཚད་མ་རིག་པ་འཕེལ་རྒྱས་བཏང་བ་ཞིག་རེད།

ཁུང་ཧྥུ་ཙི་

(孔夫子)ཡོངས་གྲགས་སུ་ཁུང་ཙི(孔子)ཞེས་འབོད་པ་དེ་ཡིན། ཀ་སྡེ་ཀོང་ཙེ་ཞེས་པར་གསལ།

༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

བེ་དུང་

བེ་དུང་གི་བརྩམས་ཆོས།

དངོས་གཙོ་རིག་པའི་དག་སྒྲུབ་དང་དེའི་ཐད་ཀྱི་

ལོག་འགྲེལ་ཐལ་བཟློག

བེ་དུང་།

_____ འཆད་ཁྲིད་ཀྱི་སྒྲ་ཕབས་བཤུས་པ།

གླེང་སློང།

ནུབ་ཀྱི་མི་ཚུལ་བསམ་བློའི་ལྡིང་ཆའམ། བསྡུས་མིང་ལ་ནུབ་ཚོམ་ཞེས་པའི་སྐད་འཕྲིན་ཚོགས་པ་འདིའི་ནང་ལ་བཞུགས་པའི་འབྲེལ་ཡོད་མི་སྣང་ཡོངས་ལ་འཚམས་འདྲིར་དགུང་མོ་བདེ་ལེགས་ཞུ་བ་ཡིན། ཁ་སང་དང་དེ་རིང་གི་ཆར་ཡིན་ན་འདིའི་ནང་དུ་ཡོད་པའི་ཚོགས་མི་དུ་མ་ཞིག་གིས་རང་རང་སོ་སོའི་བསམ་སྟངས་དང་། དྲན་ཚུལ་ལྷུག་བརྗོད་བྱས་པའི་སྒོ་ནས་ལྟ་ཚུལ་མང་པོ་ཞིག་སྟོན་སོང་བ་དེ་ལ་ཐུགས་རྗེ་ཆེ་ཞུ་བ་དང་། མཚམས་འདི་ནས་ང་རང་གིས་སྐད་ཆ་ཉུང་བསྡུས་ཙམ་ཞིག་བཤད་རྒྱུ་ཡིན། ངས་བཤད་པའི་སྐད་ཆ་དེ་དག་ཁྲོད་ནས་སོ་སོའི་བསམ་ཚུལ་དང་མ་འཚམས་པའམ། ཡང་ན་ལུང་དང་རིག་པའི་ཆ་དག་ལ་འགལ་བའི་རིགས་བྱུང་སོང་བ་ཡིན་ན། ཡིད་ཆེས་ཀྱི་ལུང་དང་ཡང་དག་པའི་རིག་པ་དེ་དག་དང་འགལ་སོང་ཞེས་དེ་ལ་སུན་འབྱིན་བྱས་ཆོག་གི་ཡོད། དེ་མིན་གདན་དོན་འགའ་ཤས་ཧ་ཅང་གསལ་ཆ་མ་བྱུང་བ་དེ་འདྲ་བྱུང་ན་གཞུག་ནས་དྲི་བ་རེ་བཏོན་དང་ཡང་དེ་མཐུན་གྱི་དྲིས་ལན་བསྡུས་ཙམ་རེ་འདེབ་ཆོག་པ་རེད། ངས་དོ་དགོང་བཤད་རྒྱུའི་བརྗོད་གཞི་ཟེར་ན་འདྲ། ཁ་བྱང་ལྟ་བུའི་ངོས་ནས་ཡིན་ན་ དངོས་གཙོ་རིག་པའི་འདོད་བཞེད་དང་དེའི་ཐད་ཀྱི་ལོག་འགྲེལ་ཐལ་བཟློག ཟེར་བ་དེ་ཡིན། དེ་ལས་ཀྱང་དངོས་གཙོ་མཚན་ཉིད་རིག་པའི་འདོད་གཞེད་དག་སྒྲུབ་དང་། དེའི་ཐད་ཀྱི་ལོག་འགྲེལ་ཐལ་བཟློག་དེ་ཉུང་ཙམ་བྱེད་རྒྱུ་ཡིན། རྒྱུ་མཚན་ག་རེ་ཡིན་ཟེར་ན། ང་ཚོའི་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་འདོད་གཞེད་དག་སྒྲུབ་དང་ནི་ལོག་འགྲེལ་ཐལ་ཟློག་གཉིས་ཀ་ཧ་ཀྱང་རྒྱས་པ་རེ་བཤད་དགོས་ན་བཤད་ཐུབ་ཀྱི་མ་རེད་ལ། སྐད་འཕྲིན་ཚོགས་པ་འདི་དག་གི་ནང་ནས་སྐར་ཆ་ལྔ་བཅུ་ང་དགུའམ་དྲུག་བཅུ་ཡས་མས་ཀྱི་འཕྲིན་ཐུང་ཞིག་གི་ལམ་ནས་ཧ་ཅང་རིང་པོ་བཤད་དགོས་ན། འཕྲན་ཕྲན་ལའང་དཀའ་ངལ་ཅུ་ཙམ་ཡོད་རེད། གཙོ་ཆེར་ཉན་པ་པོ་ཐབས་ཅད་ཀྱིས་ཞིབ་ཏུ་ཉན་ཞིང་། ཉན་རྗེད་དཔྱད་མི་ཐུབ་པའི་སྐྱོན་ཆ་དེ་འདྲ་འབྱུང་གི་རེད། དེའི་སྟབས་ཀྱིས་འདོད་གཞེད་དག་སྒྲུབ་ཀྱི་ཆ་དེ་ཉུང་བསྡུས་ཙམ་དང་། ལོག་འགྲེལ་ཐལ་བཟློག་དེ་ཟུར་ཙམ་བྱས་ནས་བཤད་རྒྱུ་ཡིན།

གཅིག དངོས་གཙོ་མཚན་ཉིད་རིག་པའི་དག་སྒྲུབ།

ད་དེ་འདྲ་ཡིན་དུས། ང་ཚོའི་ཐོག་མར་དངོས་གཙོ་མཚན་ཉིད་རིག་པ་ཟེར་བ་འདི། བཤད་དགོས་རྐྱེན་ག་རེ་རེད། དངོས་གཙོ་མཚན་ཉིད་རིག་པའིགཞུང་ལུགས་ཀྱི་ནང་ནས་བསྟན་ཡོད་པའི་ལྟ་གྲུབ་དེ་དག་ལ། ང་ཚོའི་ངེས་པ་འདྲོང་དགོས་རྐྱེན་ག་རེ་རེད་ཅེས་ཟེར་བ་ཡིན་ན། མཚན་ཉིད་རིག་པ་ཟེར་བ་འདི། ཐོག་མར་སྲོལ་གཏོད་བྱས་ནས། ད་ལ་མ་ཐུག་གི་བར་དུ་ཕལ་ཆེར་མི་ལོ་སྟོང་ཕྲག་གཉིས་ལྷག་ཙམ་འགྲོ་ཡི་ཡོད་རེད། ང་ཚོ་གནའ་རབས་ཀེ་རི་སིའི་དུས་ནས་བཟུང་སྟེ་དངོས་གཙོ་རིག་པ་ཟེར་བ་དང་། གཙོད་སྒྲུབ་རིག་པ་ཟེར་བ་དང་། མཚན་ཉིད་རིག་པ་ཟེར་བའི་བརྡ་ཆད་འདི་དག་བྱུང་ཡོད་རེད། སྐབས་དེ་དུས་ཀེ་རི་སི་པ་རྣམས་ཀྱི་སྐད་ཐོག་གི་གོ་དོན་དེ་དང་དེང་སང་གི་གོ་དོན་དེ་གཉིས་ཅུང་ཟད་འདྲ་མ་རེད་དེ་ཡིན་ནའང་སྤྱིའི་ཆ་ནས་ད་མཚན་ཉིད་རིག་པ་ཟེར་བ་དང་། དེ་ལས་དངོས་གཙོ་རིག་པ་ཟེར་བ་དང་། རྩོད་སྒྲུབ་རིག་པ་ཟེར་བའི་ཐ་སྙད་འདི་དག་གནའ་རབས་ཀེ་རི་སི་དུས་ནས་བྱུང་ཡོད་རེད།

དེ་ལས་ང་ཚོའི་སྤྱི་མཚན་ཉིད་རིག་པ་ཟེར་དུས། ད་གང་འདྲ་ཡིན་མིན་གྱི་སྐོར་ནས་སྔ་མ་ཡང་ཅུང་ཟད་རེ་བཤད་སྡད་པ་རེད་ལ། ད་ལྟ་ཡང་བཤད་ཀྱི་ཡོད་པ་རེད། མ་འོངས་པར་ཡང་བཤད་པར་འགྱུར་རྒྱུ་རེད། ཡང་དགོས་ང་ཚོའི་བརྗོད་གཞི་རུ་གྱུར་པའི་དངོས་གཙོ་རིག་པ་དང་ནི། རྩོད་སྒྲུབ་རིག་པ་ཟེར་བའི་མིང་བརྡ་ཟེར་ནའང་འདྲ། གཞུང་ལུགས་ཀྱི་མིང་དེའི་ནང་དོན་འདྲ་བོ་བསྡུས་ཙམ་བཤད་པ་ཡིན་ན། དངོས་གཙོ་རིག་པ་ཟེར་དུས་སྤྱིར། ད་ཁོ་རང་ལ་ཆ་རྐྱེན་ངེས་ཅན་ཞིག་ཡོད་རེད། ག་རེ་རེད་ཟེར་ན། འཇིག་རྟེན་གྱི་གྲུབ་རྒྱུ་ཟེར་ན་འདྲ། འབྱུང་བའི་རྒྱུ་དེ་དངོས་པོ་ཡིན་པར་བསྟན་པ་དེ་རེད། དེ་དངོས་གཙོ་མཚན་ཉིད་རིག་པའི་བཤད་སྟངས་གཅིག་རེད། དེ་ལས་གཞན་ཞིག་ནི་སེམས་སམ་རྣམ་ཤེས་ཟེར་བ་དེ། དངོས་པོའི་འགྱུ་ཆ་ངེས་ཅན་ཞིག་འཕེལ་རྒྱས་སུ་སོང་ནས། དེ་ཚུར་མངོན་བྱུང་བའི་དངོས་པོའི་ནང་ཚུལ་ངེས་ཅན་ཞིག་མ་གཏོགས་དེའི་ལོགས་སུ་གྱུར་པའི་བདེ་གྲུབ་ཟེར་ནའང་འདྲ། ཚུགས་ཐུབ་ཟེར་ནའང་འདྲ། རང་དབང་ཅན་ཞིག་མེད་པར་ལྟ་རྒྱུ་དེ་དངོས་གཙོ་མཚན་ཉིད་རིག་པའི་གཞི་རྐང་གཅིག་རེད། དེ་ལས་གཞན། དངོས་སེམས་གཉིས་ཀ་བྱུང་བའི་རྗེས་མཉམ་དུ་གནས་པའི་གནས་སྐབས་ནའང་། དངོས་པོ་དེ་གཙོ་ཆེ་བ་དང་། འདུས་ཤེས་སམ་རྣམ་ཤེས་དེ་ཕལ་པ་ཞིག་ཏུ་ལྟ་བ་དང་། ཡང་ན། འདུ་ཤེས་སམ། སེམས་སམ། རྣམ་ཤེས་ཟེར་བ་དེ་ནི་དངོས་པོའི་སྣང་ཚུལ་བྱེ་བྲག་བ་ཞིག་མ་གཏོགས་དོན་དུ་དངོས་པོ་དང་ཆ་མཉམ་པའི་ཆེས་རང་རྐྱ་ཕེར་བ་ཞིག་མིན་པར་འདོད་པ་དེ་རེད། དེ་འདྲའི་འདོད་ཚུལ་གཞིར་བཞག་གི་སྟེང་ནས་འཇིག་རྟེན་ཁམས་ཀྱི་དངོས་པོ་སོ་སོའི་ཡིན་ལུགས་སམ། རང་བཞིན་ནམ། རྣམ་པའམ། སྣང་ཚུལ་དེ་དག་ལ་ཞིབ་འཇུག་དང་རྒྱུས་ལོན་བྱས་ནས། ད་གྲུབ་མཐའ་སྨྲ་བའི་དེ་འདྲའི་རིང་ལུགས་འཛིན་པ་ཞིག་ལ་དངོས་གཙོ་སྨྲ་བའམ། དངོས་གཙོ་རིག་པ་ཞེས་ཟེར་བ་རེད། གཙོད་སྒྲུབ་རིག་པ་ཟེར་བ་ནི་དེང་སང་ཡིན་ན་ཤས་ཆེར་མི་གོ་རྒྱུ་ཡོད་མ་རེད། གནད་དོན་གང་རེད་ཟེར་ན། མི་དང་མི་ཕན་ཚུན་བར། ཚོགས་སྡེ་དང་ཚོགས་སྡེ་ཕན་ཚུན་བར། ཡང་ན་རིང་ལུགས་དང་རིང་ལུགས་ཕན་ཚུན་བར་ལ་བརྩོད་གླེང་བྱས་པ་དང་། དེང་མཚུངས། དགག་བཞག་བྱས་པ་དང་། དཔྱད་བསྡུར་བྱས་པའི་སྒོ་ནས། དོན་དེ་ཡིན་ལུགས་རང་བཞིན་གསལ་བར་གཏན་ལ་འབེབས་པའི་རིག་པ་དེ་ལ་རྩོད་སྒྲུབ་རིག་པ་ཟེར་བ་རེད། དེ་ང་ཚོ་བོད་ཡིག་གི་ཐ་སྙད་སྟེང་ནས་ཀྱང་ཐད་ཀར་གོ་བ་བླངས་བཞག་ནའང་མ་འཚམས་པ་ཡོད་མ་རེད། རེད་དེ། གནའ་རབས་ཀེ་རི་སིའི་ནས་དར་བའི་རྩོད་སྒྲུབ་རིག་པ་ཟེར་བའི་བརྡ་ཆད་ཀྱི་ཚབ་མཚོན ཐོག་མར་བྱུང་བའི་གནས་སྐབས་སུ་ཡིན་ན། རྩོད་སྒྲུབ་རིག་པ་ཟེར་དུས། ཤེས་རབ་དོན་དུ་གཉེར་བའམ། ཤེས་རབ་ཀྱི་ཆེད་དུ་གཤིབ་བསྡུར་བྱེད་པའི་རིག་པ་ཟེར་བ་ལྟ་བུའི་བརྡ་དོན་ཞིག་ཡོད་པ་རེད། དེ་ཡིན་དུས། སྤྱིར་དངོས་གཙོ་མཚན་ཉིད་རིག་པའང་། ཡང་ན་རྩོད་སྒྲུབ་རིག་པ་ཟེར་བའི་བརྡ་ཆད་དེ་དག་གི་བསྟན་དོན་ཉུང་བསྡུས་ཙམ་རེ་བྱས་ན་དེ་འདྲ་རེད། དེ་ལས་གཞན་ང་ཚོའི་དངོས་གཙོ་རྩོད་སྒྲུབ་རིག་པ་ཟེར་བ་འདི་འཆད་དགོས་རྐྱེན་གང་རེད་ཟེར་ན། དངོས་གཙོ་རིག་པ་ཟེར་བ་འདི་ལ་ཕུན་སུམ་ཚོགས་པའི་ཁྱད་ཆོས་གཅིག་ཡོད་པ་རེད། གང་རེད་ཟེར་ན། འདི་དུས་རབས་རིམ་འགྱུར་གྱི་རྒྱུད་རིམ་གྱི་ཁྲོད་ནས་རིག་གཞུང་འདི་ཡང་། ཇེ་གསལ་དང་། ཇེ་བརྟན། ཇེ་རྒྱས་དང་ཇེ་ཟབས་སུ་སོང་བའི་རིག་པའི་གཞུང་ལུགས་ཤིག་རེད། འདི་དེང་སང་ཡོངས་གྲགས་ལྟར་ན་དངོས་གཙོ་རྩོད་སྒྲུབ་རིག་པ་ཟེར་བ་འདི་གང་འདྲ་རེད་ཟེར་ན། མིའི་རིགས་ཀྱི་དུས་ཡུན་རིང་པོར་འཚོ་བའི་ལག་ལེན་གྱི་ཁྲོད་ནས་ཤེས་རྟོགས་བྱུང་བའི་དངོས་ཁམས་ཀྱི་རྣམ་བཞག་དེ་གཞིར་བྱས་ནས་ལས་བྱུང་བ་ཞིག་ཡིན། ཡང་དངོས་གཙོ་རྩོད་སྒྲུབ་རིག་པ་ཟེར་བ་འདི་མི་གཅིག་དང་། གཉིས་ཙམ་མ་ཡིན་པར་ས་སྒང་གི་སྟེང་དུ་དེ་སྔ་འཚོ་སྡོད་བྱས་མྱོང་བའི་མིའི་འགྲོ་བ་སྤྱི་ཁྱབ་ཀྱིས་འཚོ་བའི་ཉམ་མྱོང་གི་ཁྲོད་ནས་ཤེས་རྟོགས་བྱུང་བའི་དངོས་ཁམས་རང་བཞིན་གྱི་ཆ་དེ་དག་རྨང་གཞིར་བཟུང་ནས་བྱུང་བའི་རིག་པ་ཞིག་རེད། དེ་ཁྱད་ཆོས་དང་པོ་རེད། གཉིས་པ་འདྲ་ཡིན་ན། རང་བྱུང་ཚན་རིག་འཕེལ་རྒྱས་སུ་འགྲོ་བའི་སྐབས་དང་བསྟུན་ནས་དེའི་གྲུབ་འབྲས་སམ། མཐོང་དོན་འདྲ་བོ་དེ་ཕྱོགས་བསྡུས་བྱས་ནས་དེའི་སྟེང་ནས་གྲུབ་མཐའ་བཙུགས་པ་ཞིག་རེད། དེ་ཁྱད་ཆོས་གཉིས་པ་རེད། གསུམ་པ་ནི། དངོས་གཙོ་རིང་ལུགས་རང་ཉིད་ཀྱིས་ཐུན་མོང་མ་ཡིན་པའི་བརྟག་ཐབས་གཞིར་བཟུང་བའི་སྒོ་ནས་དེ་གཉིས་གང་བྱུང་ཡང་མུ་དང་ཡུན་དུ་བརྟག་དཔྱད་ཞིབ་འཇུག་དངོས་དོན་དེའི་ཚུར་ཁ་གསབ་བཏང་བའི་སྒོ་ནས་གྲུབ་མཐའ་སྨྲ་བའང་། གྲུབ་མཐའི་གཞུང་ལུགས་འདྲ་བོ་དེ་རྐང་ཚུགས་པ་རེད། དེའི་རྐྱེན་གྱིས་རིག་པ་གཞན་ཕལ་ཆེར་གྱིས་དོ་ཟླ་མེད་པ། ཕྱོགས་ལྷུང་གི་རིག་པ་དང་། ཆིག་རྐྱང་གི་རིག་པ་དག་དང་ཅུང་བསྡུར་ཐབས་མེད་པ་ལྟ་བུའི་རིག་པ་དེ་འདྲ་ཞིག་རེད། འདི་ཐད་ནས་ལོག་འགྲེལ་ཐལ་བས་ག་རེ་བཟློག་དགོས་པ་རེད་ཟེར་ན། དེང་སང་བོད་ཀྱི་ཡུལ་ནས་མཚན་ཉིད་རིག་པ་དང་། ཚན་རིག་གི་སྐོར་ནས་སྐད་ཆ་བཤད་མཁན་འགའ་ཤས་ཀྱིས་སྨྲས་པ་ཡིན་ན། སྤྱིར་དངོས་གཙོ་དང་སེམས་གཙོ་ཟེར་བ་དེ། ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་བྱེ་བྲག་རེ་རེ་རེད་ཟེར་གྱི་ཡོད་པ་རེད། དེའི་ཆ་ནས་མ་འགྲིག་པ་གང་ཡང་ཡོད་མ་རེད། དོན་གྱི་དབང་དུ་བྱས་ན་འཛམ་གླིང་ཤར་ནུབ་ཀྱི་གཞུང་ལུགས་དུ་མའི་ཁྲོད་དུ། དངོས་གཙོ་དང་སེམས་གཙོའི་རྣམ་གཞག་འདྲ་བོ་དེ་དོན་གྱི་དབང་དུ་བྱས་ན་ཡོད་རེད་དེ། ཡིན་ནའང་། དངོས་གཙོ་རིང་ལུགས་དང་། སེམས་གཙོ་རིང་ལུགས་ཟེར་བ་དང་། དངོས་གཙོ་རིག་པ་དང་། སེམས་གཙོ་རིགས་པ་ཟེར་བ་ལྟ་བུའི་བརྡ་ཆད་མཚོན་དོན་མ་ལག་ཆ་ཚང་དང་བཅས་བྱུང་བ་དེ་གང་རེད་ཟེར་ན། ནུབ་ཕྱོགས་མཚན་ཉིད་རིག་པའི་ཆབ་ཁུངས་ནས་བྱུང་བ་དེ་འདྲ་ཞིག་རེད། དེའི་རྐྱེན་གྱིས་དངོས་གཙོ་དང་སེམས་གཙོ་འདི་དག་ནུ་ཕྱོགས་མཚན་ཉིད་རིག་པའི་ཆ་ཤས་སམ། གྲུབ་ཆ་རེད་ཅེས་ཟེར་བ་ལ་འགལ་བ་ཤས་ཆེར་ཡོད་མ་རེད། རེད་དེ། དེའི་ཐོག་ཏུ་ད་དུང་ག་འདྲ་སྨྲ་ཡི་ཡོད་པ་རེད་ཟེར་ན། དངོས་གཙོ་དང་སེམས་གཙོ་ཟེར་བ་འདི་དག་གནའ་སྔ་མ་ཞིག་ནས་བྱུང་བའི་རིག་པ་རེད། འདི་དག་དུས་རབས་ཀྱིས་རྗེས་སུ་བསྐྱུར་ཚར་བའམ། ཡང་ན། དངོས་ཁམས་རིག་པའི་མཐོང་དོན་གསར་བ་དག་གིས་དངོས་གཙོ་པ་ཐམས་ཅད་ཀྱིས་བཤད་པ་དེ་དག་བདེན་ལུགས་མེད་པ་དེ་གསལ་སྟོན་བྱས་ཚར་བ་རེད་ཅེས་དེ་འདྲ་སྨྲ་ཡི་ཡོད་པ་རེད། སྤྱིར་དངོས་གཙོའི་ནང་ལའང་། གྲུབ་མཐའ་བྱེ་བྲག་མང་པོ་ཡོད་རེད། འགྱུར་མེད་དངོས་གཙོ་སྨྲ་བ་ལྟ་བུ། དེ་ཚོ་དངོས་ཁམས་རིག་པའི་རྡུལ་ཕྲན་གྱི་དཔྱད་པ་དེ་ ཇེ་ཟབ་ཏུ་བཏང་ནས་ཚད་རྡུལ་ནུས་ཤུགས་རིག་པའི་ཆབ་ཁུངས་ལ་མེད་པའི་ཧི་རྡུལ་དང་། ཡང་རྡུལ་ལྟ་བུའི་རྡུལ་ཕྲན་དེ་དག་གསལ་རྟོགས་བྱུང་བ་ལ་བརྟེན་ནས་འགྱུར་མེད་དངོས་གཙོ་རིང་ལུགས་པ་ཐམས་ཅད་ཀྱིས་འཇིག་རྟེན་གྱི་འབྱུང་རྒྱུ་མཐར་ཐུག་ཏུ་འདོད་པའི་རྡུལ་ཕྲན་གྱི་རྣམ་བཞག་དེ་ལ་ཅུང་འགས་གཏོར་བཏང་ཡོད་པ་རེད།

གཉིས། དངོས་གཙོ་མཚན་ཉིད་རིག་པའི་ལོག་འགྲེལ་ཐལ་བཟློག

སྤྱིར་དངོས་གཙོ་རིག་པའི་གྲུབ་མཐའ་བྱེ་བྲག་པ་རེ་རེ་ལ་ཆ་མཚོན་ན། ཉེ་རབས་དངོས་ཁམས་རིག་པ་འདི་དག་གིས་ཅུང་ཟས་གདབ་གསེག་བཏང་བ་དང་། གྲུབ་མཐའ་ལ་གནོད་སྐྱོན་ནམ། གཡོ་རྒུལ་ཅུང་ཟད་བཏང་བ་དེ་འདྲ་ཡོད་རེད། ཡིན་ཡང་ངས་ད་ལྟ་གོང་ནས་བཤད་པ་ནང་ལྟར། དངོས་གཙོ་རྩོད་སྒྲུབ་རིག་པ་ལྟ་བུ་ལ་ཆ་བཞག་སྟེ་བཤད་ན། རིག་པ་འདིའི་ནམ་ཡང་རང་བྱུང་ཚན་རིག་གི་འཕེལ་རྒྱས་སུ་འགྲོ་བའི་གྲུབ་འབྲས་གསལ་ཤོས་ཐམས་ཅད་གཅིག་སྡུས་ཀྱིས་བཟུང་བའི་སྒོ་ནས་དེའི་སྟེང་ནས་གྲུབ་མཐའ་འཆད་ཀྱི་ཡོད་རེད། དེའི་རྐྱེན་གྱིས་དངོས་གཙོ་རྩོད་སྒྲུབ་རིག་པའི་འདོད་གཞེད་གཅིག་ཡིན་ན། དེ་རང་བྱུང་ཚན་རིག་གི་དགོང་གཞེད་དང་འགལ་སོང་བ་དང་། རང་བྱུང་ཚན་རིག་པས་བརྟག་གཞིགས་བྱས་པའི་རྙེད་འབྲས་ཀྱིས་དངོས་གཙོ་རྩོད་སྒྲུབ་རིག་པའི་ལྟ་གྲུབ་ལ་ཕོག་ཐུག་གམ། འགས་གཏོར་བཏང་བཞག་པ་གང་ཡང་ཡོད་མ་རེེད། དེའི་ཐད་ནས་ང་ཚོའི་ལུང་པ་ནས་དེ་འདྲའི་ལོག་བཤད་རྒྱག་མཁན་ཡོད་རེད་དེ། དེ་འདྲའི་ལོག་འགྲེལ་དེ་ཐལ་བས་ཡོངས་སུ་བཟློག་དགོས་པ་རེད། དེ་ལྟར་ཡིན་མིན་དེ་ད་ཡོད་ཀྱི་དངོས་གཙོ་རྩོད་སྒྲུབ་རིག་པའི་རྐང་འཛིན་མི་སྣ་ཐམས་ཅད་ཀྱིས་བརྩམས་སྤེལ་བྱས་གཞུང་ལུགས་ཐམས་ཅད་ལ་བལྟས་བཞག་པ་ཡིན་ན།

ང་ཚོའི་གསལ་པོར་ཤེས་རྒྱུ་ཡོད་རེད། དཔེར་ན། ཁ་སང་ཁེ་ཉིན་ངས་གཞན་ཞིག་ལ་དྲི་བ་ལ་ལན་བཏབ་པ་ནང་བཞིན། དངོས་གཙོ་རྩོད་སྒྲུབ་རིག་པའི་ནང་ནས་དུས་ཚོད་དང་བར་སྟོང་གི་ཆད་བཤད་ཡོང་གི་རེད། དེ་དག་གི་ཆ་ནས་ལྟོས་གྲུབ་རིག་པའི་མཐོང་དོན་དང་རྙེད་དོན་གཙོ་ཤོས་དེ་དག་ཚུར་ལེན་བྱས་ཡོད་རེད། དེར་མཚུངས་འཇིག་རྟེན་གྱི་འབྱུང་རྒྱུ་མཐར་ཐུག་རྡུལ་ཕྲན་འདྲ་ཡིན་ན་ཚད་རྡུལ་ནུས་རིག་སྨྲ་བ་དང་ནི། ཡི་ཏུན་སོགས་ཀྱི་གསར་རྟོགས་བྱས་པའི་རྡུལ་ཕྲན་གྱི་རིག་པ་དེ་དག་གི་ནང་ནས་མཐོང་དོན་གསལ་ཤོས་དང་། དག་ཤོས་སམ། ཡག་ཤོས་ཀྱི་ཆེ་དེ་དག་ཚུལ་ལེན་བྱས་ཏེ་བཤད་ཀྱི་ཡོད་རེད།

དེའི་རྐྱེན་གྱིས་དངོས་གཙོ་རྩོད་སྒྲུབ་རིག་པ་ཟེར་བ་འདིས་ནམ་ཡང་སྔོན་ཐོན་གྱི་རིག་པ་ཐམས་ཅད་བསྡུ་ལེན་བྱས་ཏེ། དེའི་ཁ་ལ་རང་ལུགས་ཀྱི་ཐུན་མོངས་མ་ཡིན་པའི་བརྟག་ཐབས་དང་དཔྱད་ཐབས་གཞིར་བཟུང་བའི་སྒོ་ནས། དངོས་པོའི་ཁམས་དང་། ཆོས་ཀྱི་གཤིས་ལ་གཟབ་འཇུག་བྱེད་པའི་རིག་པ་དེ་འདྲ་ཞིག་ཡིན ་པས་ན། རིག་པ་གཞན་ཇི་ལྟར་དར་འཕེལ་དུ་སོང་ནའང་འདི་རྗེས་སུ་བསྐྱུར་འགྲོ་བའི་ཉན་ཁ་དེ་འདྲ་གང་ཡང་ཡོད་མ་རེད་དེ། བོད་ཀྱི་ལུང་པ་ནས་རྗེས་སུ་བསྐྱུར་སོང་བར་སྐད་དུ་སྨྲ་བའི་དེ་དག་ལོག་བཤད་ཅིག་རེད་ཟེར་རྒྱུ་དེ་མཚམས་འདི་ནས་ལོག་འགྲེལ་དེ་ཐལ་བས་བཟློག་རྒྱུ་དེ་འདྲ་རེད།

དེ་ལས་གཞན་བར་བཅུག་ཏུ་བཤད་བྱ་ཞིག་གང་ཡོད་ཟེར་ན། དངོས་གཙོ་རྩོད་སྒྲུབ་རིག་པའི་ལྟ་དགོངས་འདི་དག་བཤད་ཡོང་དུས། ད། སེམས་གཙོ་རིང་ལུགས་འདྲ་འདྲ། ཆོས་ལུགས་རིག་པ་ཟེར་དགོས་ནའང་འདྲ། དེ་དག་ལ་ཕོག་ཐུག་ཅུང་ཟད་གཅིག་འགྲོ་བ་རེད།

ཕོག་ཐུག་སོང་བའི་མཚམས་ནས་སེམས་གཙོ་རིང་ལུགས་པ་དང་ཆོས་པ་ཐམས་ཅད་ཀྱིས་ག་རེ་འདོད་པ་རེད་ཟེར་ན། ད་ཁོ་ཚོའི་གྲུབ་མཐའ་དེ་དག་ལ་བཙན་རྒོལ་བྱས་སོང་སྙམ་པ་དང་། སུན་འབྱིན་བྱས་སོང་སྙམ་པ། དེ་འདྲའི་མ་དགའ་པ་དང་། མ་འདོད་པའི་རྣམ་འགྱུར་ཆེན་པོ་གཅིག་ངོམས་རེད། ལྷག་པར་དུ་ང་ཚོ་བོད་ཀྱི་ལུང་པ་ནས་དང་། ཚོམ་འདི་དག་གི་ནང་ནས་ཡང་ཁ་སང་ཁེ་ཉིན་སོགས་ལ་བཤད་ཀྱིན་འདུག་པཱ། ག་རེ་རེད་ཟེར་ན། བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་ལ་སུན་འབྱིན་དང་ངོ་རྒོལ་བྱས་སྡད་ནའང་། ཁྲིམས་ཐོག་ནས་དེ་ལ་ཐག་གཅོད་བྱེད་ཡོང་མཁན་དང་། རྒོལ་རྡུང་གཏོང་ཡོང་མཁན་ཡོད་མ་རེད་ཟེར། དེའི་རྐྱེན་གྱིས་བཤད་འདུག་པ་རེད་མ་གཏོགས་ཁྲིམས་ཀྱིས་རྒྱབ་རྩ་ཡོད་པའི་ཆོས་ལུགས་གཞན་དག་གམ། ཡང་ན་རིག་གཞུང་གཞན་དག་ཅིག་ཡིན་ན་བོད་ཀྱི་ལུང་པ་ནས་ཆོས་ལུགས་ལ་དགག་སྒྲུབ་བྱེད་འདུག་མཁན་འདི་ཚོའི་ངེས་པར་དུ་སུན་འབྱིན་བྱེད་ཕོད་ཀྱི་མ་རེད། བཤད་ཕོད་ཀྱི་མ་རེད་ཅེས་དེ་འདྲ་སྨྲ་གི་འདུག

དེ་ལ་ལན་ག་འདྲ་རྒྱག་དགོས་པ་རེད་ཟེར་ན། སྤྱིར་ཡིན་ན་སེམས་གཙོ་རིང་ལུགས་ཟེར་བད་དེ་དང་ནི། ཆོས་ལུགས་ཀྱི་ནང་ནས་ཡེ་ཤུའི་ཆོས་ལུགས་དང་། ཁ་ཆེའི་ཆོས་ལུགས་ལྟ་བུ་ཡིན་ན་ང་ཚོའི་ལུང་པ་ལ་ད་སྔོན་ཤས་ཆེར་དར་མྱོང་བ་མ་རེད། དར་མ་མྱོང་བའི་སྟེང་ནས། དེའི་ང་ཚོའི་མི་རིགས་དང་ང་ཚོའི་སྤྱི་ཚོགས་ལ་ཕན་ཡང་འདོག་མྱོང་བ་མ་རེད་ལ། གནོད་ཀྱང་སྐྱེལ་མྱོང་བ་མ་རེད། ཕན་གནོད་གང་ཡང་བྱེད་མ་མྱོང་བའི་གཞན་སོགས་སུ་ཡོད་པའི་རིག་པ་ཟུར་བ་དེ་དག་ལ་ང་ཚོར་གཅིག་ནས་ཆ་རྒྱུས་ཡང་ཆུང་ཆུང་རེད། གཉིས་ནས་སློབ་སྦྱོང་ཡང་བྱེད་མྱོང་ཡོད་མ་རེད། གཙོ་ཆེ་བའི་གཞི་རྩའི་ཆ་ནས་བཤད་ན་ང་ཚོའི་མི་རིགས་ལ་གནོད་འཚེ་ཡང་དེ་འདྲ་གཏོང་མ་མྱོང་བའི་རྐྱེན་གྱིས་ང་ཚོའི་དེ་དག་ལ་ཤས་ཆེར་འགོག་རྒོལ་འདྲ། སུན་འབྱིན་འདྲ། དགག་བརྗོད་དེ་འདྲ་བྱེད་དགོས་པའི་དགོས་པ་གང་ཡང་ཡོད་མ་རེད་མ་གཏོགས། ང་ཚོའི་ལུང་པར་དར་ཞིང་ཕན་གནོད་གཉིས་ཀའི་ཆ་ཡོད་པའི་ཆོས་ལུགས་རིག་གནས་ཤིག་ཡིན་ན་ཁྲིམས་ཀྱིས་རྒྱབ་རྩ་ཡོད་མེད་ལ་མ་ལྟོས་པར། དགག་སྒྲུབ་དང་། སུན་འབྱིན་ཏན་ཏན་བྱེད་ཀྱི་རེད།

དེ་ལས་ནུབ་ཕྱོགས་ལྟ་བུ་སེམས་གཙོ་རིང་ལུགས་ཀྱི་གྲུབ་མཐའ་ལྟ་བུ་དང་། ལྷག་པར་དུ་ཡེ་ཤུའི་ཆོས་ལུགས་ལྟ་བུའི་ཆོས་དེ་ཚོ་དར་སྡད་པའི་སྤྱི་ཚོགས་དེ་དག་གི་ངོས་ནས་བཤད་ནའང་། ཡང་ཁོང་ཚོའི་ཁྲོད་ནས་དངོས་གཙོའི་ཕྱོགས་འཛིན་མཁན་དང་། ལྷག་པར་དུ་བདེན་དོན་དང་གནས་ལུགས་གཙུགས་ཏུ་བཀུར་མཁན་གྱི་མཁས་པ་མང་པོ་ཞིག་གིས་རིང་ལུགས་དེ་དག་དང་། གྲུབ་མཐའ་དེ་དག་དང་། ཡང་ན་གཞུང་ལུགས་དེ་དག་ལ་སུན་འབྱིན་དང་། དགག་སྒྲུབ་གང་མང་གཅིག་བྱས་མྱོང་བ་རེད། དེ་གང་རེད་ཟེར་ན། གནའ་རབས་ཀེ་རི་སིའི་པའི་དུས་སུ་ཡིན་ན་སྒྲེས་མི་ཁེ་ལེ་ཐི་ལ་སོགས་པ་དངོས་གཙོའི་ཕྱོགས་འཛིན་མཁན་གྱི་མི་སྣ་མང་པོ་ཞིག་གིས། ཕྱི་ཡུལ་སེམས་གཙོ་རིང་ལུགས་ཀྱི་གྲུབ་མཐའ་དེ་དག་ལ་སུན་འབྱིན་ཚད་མེད་གཅིག་བཏང་མྱོང་རེད། སྐབས་དེ་དུས་ཡིན་ན། ཡེ་ཤུའི་ཆོས་ལྟ་བུ་ཆོས་ལུགས་རིག་པ་དེ་ད་དུང་བྱུང་ཡོད་མ་རེད། ཆོས་ལུགས་རིག་པ་བྱུང་མེད་ནའང་། སྐབས་དེ་དུས་ཀྱི་འཇིག་རྟེན་འདི་སེམས་ལས་གྲུབ་པ་དང་། འཇིག་རྟེན་འདི་སེམས་ཀྱི་བདག་ཉིད་དུ་གནས་པ་ལྟ་བུའི་སེམས་གཙོ་རིང་ལུགས་ཀྱི་འདོད་གཞེད་འཛིན་མཁན་དེ་དག་ལ་རྒོལ་རྡུང་གང་མང་ཞིག་བཏང་མྱོང་བ་རེད། དེའི་ངོས་ནས་བལྟས་ནའང་། དངོས་པོའི་གཤིས་དང་། ཆོས་ཀྱི་ཁམས་ལ་མི་མཐུན་པའི་རིག་པ་རྙིང་རུལ་དེ་དག་ལ་ སུན་འབྱིན་བྱེད་མཁན་དེ་དུས་ནས་བྱུང་མྱོང་བ་རེད།

རྗེས་སུ་ཡིན་ན་བརྒྱ་ལོ་བཅུ་བཞི་པའི་ཡས་མས་སུ་འགལ་ལི་ལེ་ཟེར་བའི་ཚན་རིག་པ་ཞིག་ཡོད་རེད་པཱ། དེ་ཚོའི་ཡིན་ན་ས་སྒང་དེ་རིལ་མོར་སྒྲུབ་པའི་སྒོ་ནས་ཡེ་ཤུ་ཆོས་ལུགས་དང་། སེམས་གཙོ་རིག་པ་སྨྲ་བ་ཐམས་ཅད་ཀྱིས་ཉི་མ་ལྟེ་བར་སྨྲ་བའི་རང་བྱུང་སྐར་ཁམས་རིག་པའི་སྐོར་ནས་ཆོས་ལུགས་རིག་པའི་འདོད་དགོང་དེ་དག་ལ་རྒོལ་རྡུང་ཚ་ནན་གཅིག་བཏང་བ་རེད། དེའི་སྟེང་ནས་འགའ་ལི་ལེ་རྗེས་འབྲང་དང་བཅས་པའི་འདོད་ཕྱོགས་དང་བཤད་སྟངས་དེ་དང་། ཡེ་ཤུའི་ཆོས་སམ་རྣམ་དག་ཆོས་ལུགས་སྨྲ་བ་ཐམས་ཅད་ཀྱི་བར་དུ་འགལ་བ་ཤུགས་ཆེན་པོ་བྱུང་ནས། འགལ་བ་དེའི་མཐའ་མཇུག་ཏུ་དོན་རྐྱེན་མང་པོ་བྱུང་བའི་ལོ་རྒྱུས་ཡོད་པ་རེད། དེའི་རྗེས་ནས་ཡིན་ན། མར་ཁི་སི་དང་ཨེན་ཀི་སི་ལ་སོགས་པ་རེད་པཱ། ཁ་སང་ཁེ་ཉིན་ཡང་ཚོམ་འདིའི་ནང་དུ་འདི་འདྲ་བཤད་མཁན་འདུག མར་ཁི་སི་དང་ཨེན་ཀི་སི་ལ་སོགས་པས་ཆོས་ལུགས་རིག་པ་ལ་དགག་བརྗོད་དེ་འདྲ་དེ་བྱེད་མྱོང་མ་རེད་ཟེར་མཁན་འདུག དེ་ཚོ་དེ་རྦད་དེ་ནོར་སོང་བ་ཡིན་པ་ང་ཚོའི་ཧ་གོ་དགོས་པ་རེད།

དེང་སང་རྒྱ་ཡིག་དང་བོད་ཡིག་གང་གི་ནང་དུ་ཡིན་ནའང་། མར་ཁི་སི་དང་ཨེན་ཀི་སི་ལ་སོགས་པའི་གསུང་བཏུས་མང་པོ་ཡོད་རེད། དེ་དག་གི་ནང་ནས། ཆོས་ལུགས་རིག་པ་ལ་སུན་འབྱིན་གང་འདྲ་བྱས་འདུག་གསལ་པོར་མཐོང་ཐུབ་པ་རེད། དཔེར་ན། མར་ཁི་སིས། ཆོས་ལུགས་ཟེར་བ་དེ། ཕྱིན་ཅི་ལོག་པའི་འཇིག་རྟེན་ནས་བྱུང་ཞིང་། ཕྱིན་ཅི་ལོག་པའི་བདག་ཉིད་དུ་གནས་པའི་འཇིག་རྟེན་གྱི་ལྟ་ཚུལ་ཕལ་བ་ཞིག་རེད། ཟེར་བ་ལྟ་བུ་དང་། ཡང་ན། ཆོས་ལུགས་ཟེར་བ་དེ་ནི། མི་དམངས་སྦྲིད་བྱེད་ཀྱི་ཉལ་ཐ་ཞིག་རེད་ཟེར་བ་ལྟ་བུ་དང་། ཡང་ན། ཆོས་ལུགས་ནི་ཡིད་ཀྱི་ཆང་རག་སྤུས་གཙོག་ཅིག་རེད་ཟེར་བ་ལྟ་བུ།

ད་ཚིག་དེ་དག་བེད་སྤྱད་པའི་སྒོ་ནས་ཆོས་ལུགས་རིག་པ་ལ་རྒོལ་རྡུང་ཚ་ནན་ཞིག་བཏང་ཡོད་པ་རེད། དེ་ཡང་གཙོ་ཆེར་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་གྲུབ་མཐའ་སྨྲ་བ་དེ་དག་ལ་བརྗོད་པའི་དགག་གཏམ་དེ་འདྲ་ཞིག་རེད།

དེ་ལས་གཞན། དུས་རབས་བཅུ་བདུན་པའི་སྐབས་སུ། ཡོ་རོབ་གླིང་ནས་བྱུང་བའི་དངོས་གཙོ་རིང་ལུགས་ཀྱི་ལྷ་མེད་སྨྲ་བ་ཡོད་རེད་པཱ། ལྷ་མེད་སྨྲ་བ་དེ་དག་གིས་ཀྱང་། ཆོས་ལུགས་ཀྱི་རིག་པ་ལ། དགག་བརྗོད་དང་། སུན་འབྱིན་ཛ་དྲག་ཅིག་བྱས་པ་རེད།

དེའི་ཕྱིས་སུ་ཡིན་ན་དུས་རབས་བཅོ་བརྒྱད་པའི་སྐབས་སུ་ཧྥ་རན་སིའི་འཐམས་འཛིང་ལྷ་མེད་སྨྲ་བ་རེད། དཔེར་ན། ཧོར་སྦུ་ཧུའུ་ཟེར་བ། ང་ཚོ་འདིའི་འཐུས་སྒོ་ཚང་བའི་བསམ་བློ་ཟེར་བའི་དེབ་རྩོམ་པ་པོ་ཡོད་པཱ། དེ་ལ་སོགས་པས་དཔེ་དེབ་མང་པོ་ཞིག་བརྩམས་ནས་ཆོས་ལུགས་དེ་ལ་སུན་འབྱིན་བྱས་ཡོད་རེད། ཡང་ངས། ཁ་སང་ཁེ་ཉིན་ཞིག་ལ། ཡི་གེ་ཉུང་བསྡུས་ཙམ་ཞིག་གི་ནང་དུ་བྲིས་ཡོད་པ་ནང་ལྟར། དཔེར་ན། ནུབ་ཕྱོགས་ཡོབ་གླིང་གི་ཆོས་ལུགས་གསར་རྗེ་བ་མར་ཐྲན་ལི་སིར་ལྟ་བུ་དེ་དག་གིས་ཡིན་ན། གསུང་རྩོམ་དཔེ་ཆ་གསུམ་བརྩམས་པའི་སྒོ་ནས་རྣམ་དག་ཆོས་ལུགས་ཀྱི་ལྟ་གྲུབ་དང་། བྱ་སྤྱོད་མང་པོ་ཞིག་ལ་དགག་བརྗོད་དེ་འདྲ་བྱས་ཡོད་པ་རེད། དེ་ལས་ཡང་། ཕྱིས་སུ་དུས་རབས་བཅུ་དགུ་པའི་ནང་ནས། འཇར་མན་གྱི་མི་གཙོ་རིང་ལུགས་ཀྱི་ལྷ་མེད་སྨྲ་བ་ཐམས་ཅད་ཀྱིས་ཀྱང་། དེར་མཚུངས་ཀྱི་ཆོས་ལུགས་རིག་པ་དག་ལ་དགག་བརྗོད་དང་། སུན་འབྱིན་བྱས་ཡོད་རེད།

དེ་ཚོའི་ངོས་ནས་ལྟས་ན་འགའ་ཞིག་གིས་བསམ་དུས་ཆོས་ལུགས་ལ་དོགས་སློང་དང་། སུན་འབྱིན་ཟེར་བ་དེ་ང་ཚོ་བོད་ཀྱི་ཁྲིམས་མེད་ལུགས་མེད་ཀྱི་ལུང་པ་འདི་ནས། བསམ་མི་ཤེས་པའི་བྱིས་པ་སྐོར་ཞིག་གིས་ངག་ནས་ཅི་ཐོན་གང་ཐོན་དུ་སྨྲ་འདུག་པ་རེད་གཏོགས། སྤྱི་ཚོགས་ཆེན་མོ་དག་ནས་ཆོས་ལུགས་ལ་རྒོལ་རྡུང་གཏོང་མཁན་དང་དེ་ལ་སུན་འབྱིན་བྱེད་མཁན་ཡོད་སྲིད་རྒྱུ་མ་རེད་སྙམ་གྱི་ཡོད་རེད་དེ། དེ་འདྲ་མ་རེད།

རྒྱ་ནག་མི་རིགས་ལྟ་བུ་ལ་ཆ་མཚོན་པ་ཡིན་ནའང་། ཆོས་ལུགས་ལ་སུན་འབྱིན་བྱེད་མཁན་མང་པོ་ཡོད་པ་བཤད་མ་དགོས་པ་རེད། རིག་གསར་ལོ་བཅུ་ལ་སོགས་པའི་དུས་སྐབས་ནས་ཡིན་ན་ཆོས་ལུགས་རིག་པ་དང་། དེའི་ཤུལ་བཞག་དང་བཅས་པ་རྨིང་མེད་དུ་བཏང་བ་རེད་པཱ། དེ་མིན་ནའང་། རིག་ལམ་རྐྱང་པའི་ཐོག་ནས་ཀྱང་། ལྔ་བཞི་ལས་འགུལ་གྱི་རྩོམ་པ་པོ་ལུའུ་ཞུན་དང་། ཧུའུ་ཧྲི་ལ་སོགས་པས་ཁུང་ཙི་དང་མིང་ཙིའི་ལུགས་ཟེར་ནའང་འདྲ། ཆོས་ལུགས་དང་། ཆོས་ལུགས་དང་ཕྱོགས་མཚུངས་པའི་གནའ་བོའི་རིག་ལུགས་རྙིང་རུལ་དེ་དག་ལ་དགག་བརྗོད་དང་སུན་འབྱིན་མང་པོ་གཅིག་བྱས་འདུག་པཱ། དེ་ཐམས་ཅད་ཀྱི་སྟེང་ནས་ལྟས་ན། ང་ཚོའི་ཆོས་ལུགས་ལ་སུན་འབྱིན་དང་དོགས་སློང་བྱེད་རྒྱུ་འདི་གལ་ཏེ་ནང་ཆོས་ལ་སུན་འབྱིན་བྱས་བཞག་ན་ཁྲིམས་ཐོག་ནས་དེ་ལ་ཡ་ལན་སྤྲོད་ཡོང་མཁན་ཞིག་མེད་པས་སུན་འབྱིན་བྱེད་འདུག་པའི་གནད་དོན་ཞིག་རྩ་བ་ནས་མ་རེད། ནུབ་ཕྱོགས་ཡོ་རོབ་གླིང་གི་ལོ་རྒྱུས་དང་། རྒྱ་ནག་གི་ལོ་རྒྱུས་སོགས་གང་ལ་བལྟས་ནའང་། མིའི་རིགས་ཀྱི་ཤེས་རིག་དེ་མདུན་སྐྱོད་བྱེད་པའི་རྒྱུད་རིམ་གྱི་ཁྲོད་ནས། རིག་གཞུང་སྔ་མ་ཐམས་ཅད་ཕྱི་མས་སུན་འབྱིན་དང་། དགག་སྒྲུབ་ཀྱི་ཡར་རྒྱས་ཀྱི་ལམ་དུ་འགྲོ་བཞིན་པ་ལས་སྔ་མིའི་རིག་གཞུང་གཅིག་གིས་ཐོག་མཐའ་བར་གསུམ་དུ་ཚད་པའམ། གཅིག་ཐུབ་ཏུ་བཟུང་ཆོག་པ་ཞིག་འཇིག་རྟེན་འདི་ན་ཡོད་པ་མེད། དེ་བས་དེ་ནི་ཆེས་རྒྱུན་ལྡན་གྱི་བྱ་བ་ཞིག་གམ། འགྲོ་ལུགས་ཤིག་རེད།

གསུམ། དངོས་གཙོ་མཚན་ཉིན་རིག་པའི་ཕྲན་བཤད།

ད་བཤད་བྱ་དངོས་ཀྱི་དབང་དུ་བྱས་ན། སྤྱིར་བཏང་ང་ཚོའི་མཚན་ཉིད་རིག་པ་འདི་བཤད་དགོས་ན་འདིའི་ནང་དུ་བཤད་བྱ་མང་པོ་ཞིག་ཡོད་རེད། དཔེར་ན་ང་ཚོའི་ནང་པའི་གཞུང་ལུགས་ཀྱི་ནང་ནས་དབུ་མ་ལ་སོགས་པ་བཤད་དུས། བདེན་གཉིས་ཀྱི་རྣམ་གཞག་ཟེར་བ་འདྲ་འདྲ། རིག་མཚུངས་ཀྱི་མཐའ་དཔྱད་ཟེར་འདྲ་འདྲ་བཤད་བྱ་མང་པོ་ཞིག་ཡོད་རེད་པཱ། དེ་ཚོ་དང་མཚུངས་པར་དངོས་གཙོ་མཚན་ཉིད་རིག་པའི་གྲུབ་མཐའ་འམ། གཞུང་ལུགས་འདིའི་དགོངས་དོན་དེ་འཆད་དགོས་ན། དྲང་ཚད་དང་། ངོ་བོ་འགྱུར་བའི་ཆོས་ཉིད་ཟེར་བ་འདྲ་འདྲ། ངོ་བོ་དང་སྣང་ཚུལ་གྱི་ཆོས་ཉིད་ཟེར་བ་འདྲ་འདྲ། ནང་དོན་དང་རྣམ་པ་ཟེར་བ་འདྲ་འདྲ། དངོས་པོ་དང་འགུལ་སྐྱོད་ཟེར་བ་འདྲ་འདྲ། བར་སྟོང་དང་དུས་ཚོད་ཟེར་བ་འདྲ་བཤད་བྱ་མང་པོ་ཞིག་ཡོད་རེད། དེ་དག་གཙོ་ཆེ་རེ་ཞིག་འབྲེལ་བ་མེད་པའི་རྐྱེན་གྱི་བཞག་ནས། ང་ཚོའི་མཚན་ཉིད་རིག་པ་དེ་གཙོ་བོ་ཕྱོགས་གསུམ་དུ་བསྡུས་ནས་བཤད་རྒྱུ་ཡིན། དེ་ལས་གཅིག་གང་རེད་ཟེར་ན། འཇིག་རྟེན་གྱི་གྲུབ་རྒྱུ་མཐར་ཐུག་དེ་དངོས་པོ་ཡིན་པ་དང་། འཇིག་རྟེན་ཇི་ལྟར་བྱུང་ཚུལ་སྐོར་དེ་རེད། གཉིས་པ་འདྲ་ཡིན་ན་ཚེ་སྲོག་གི་རྣམ་པ་ཟེར་ནའང་། ཚེ་སྲོག་རིམ་འགྱུར་གྱི་ཆོས་ཉིད་ཟེར་ནའང་འདྲ། ཚེ་སྲོག་ཇི་ལྟར་བྱུང་ཚུལ་གྱི་སྐོར་དེ་རེད། གསུམ་པ་འདྲ་ཡིན་ན། རྣམ་ཤེས་ཟེར་བ་དེ་ཀླད་ཆེན་ལས་ལོགས་སུ་མེད་པའི་སྐོར་དེ་རེད། བརྗོད་གཞི་དེ་གསུམ་གྱི་སྒོ་ནས་དོ་དགོང་ངས་སྐད་ཆ་དེ་བཤད་རྒྱུ་ཡིན།

༡ འཇིག་རྟེན་གྱི་གྲུབ་རྒྱུ་མཐར་ཐུག་དེ་དངོས་པོ་ཡིན་པ་དང་། འཇིག་རྟེན་ཇི་ལྟར་བྱུང་ཚུལ།

དངོས་གཙོ་པ་ཐམས་ཅད་ཀྱིས་འཇིག་རྟེན་ཇི་ལྟར་བྱུང་ཚུལ་གྱི་སྐོར་ལ་གང་འདྲ་བཤད་པ་རེད་ཟེར་ན། མི་ལོ་ཐེར་འབུམ་མང་པོའི་གོང་རོལ་ཞིག་ནས། ད་འདུས་ཚད་ཆེས་ཆེ་བའི་རྣམ་པ་ཞིག་བྱུང་བ་རེད། དངོས་པོ་གསུམ་འདུས་ཀྱི་ཕུང་པོ་ཞིག་བྱུང་རེད། དེ་ལ་ཡིན་ན་གཙིར་གནོན་ཟེར་ནའང་འདྲ། འདམ་སྦྱར་གྱི་ནུས་པ་ཚད་མེད་པ་དང་། འཐེན་ཤུགས་ཀྱི་ནུས་པ་ཚད་མེད་པ་དང་། ཚ་དྲོད་ཀྱི་ནུས་པ་ཚད་མེད་པ་སྟེ། ཚད་མེད་གསུམ་གྱི་བདག་ཉིད་དུ་གྲུབ་པའི་དངོས་གཟུགས་བོང་འདུས་ཆུང་ཆུང་ཞིག་བྱུང་བ་རེད། སྐབས་དེ་དང་དེའི་ཡར་སྔོན་ནས་ཡིན་ན་འཇིག་རྟེན་འདི་ན་ ང་ཚོ་དངོས་ཁམས་ཚན་རིག་གི་བཤད་བྱ་གཙོ་བོ་གསུམ་རེད་པཱ། འཇིག་རྟེན་གྱི་ཆོས་ཡོངས་སུ་རྫོགས་པ་དེ་ཚུར་བསྡུ་བཞག་ན་དངོས་པོ་དང་གཅིག དུས་ཚོད་དང་གཉིས། བར་སྟོང་སམ་ཡང་ན་མཁའ་དབྱིངས་དང་དངོས་པོ་དུས་ཚོད་དེ་གསུམ་པོ་རེད། ད་ལྟ་དེ་གསུམ་པོ་གཏན་ནས་ཡོད་མ་རེད་ཟེར་བ་རེད། དེ་མིང་གཞན་དག་གིས་བཤད་ན་ནག་ཁོང་ཟེར་བ་རེད་པཱ། དེ་ནས། ནག་ཁུང་ཟེར་བའི་དངོས་པོ་དེའི་ནང་གི་དངོས་གཟུགས་ཀྱི་འདུས་ཚད་ཟེར་ནའང་འདྲ། བཙིར་གནོན་བྱེད་པའི་ཚད་ཟེར་ནའང་འདྲ། ཚ་བ་དྲོད་ཀྱི་ཚད་ཟེར་ནའང་འདྲ། དེ་འདྲའི་ཚད་མེད་པའི་གསུམ་པོ་དེ་ཧ་ཅང་མཐའ་རུ་རྒྱས་སོང་དུས་ ད། ནམ་ཞིག་ན་ནག་ཁུང་གི་དངོས་པོ་ཆུང་ཕྲན་དེ། འབར་གས་སུ་སོང་བའི་སྟོབས་ཀྱིས་འཇིག་རྟེན་ཁམས་ཡོངས་སུ་རྫོགས་པ་ལ། ཧེ་རྡུལ་དང་ཡང་རྡུལ་ལྟ་བུ་རྡུལ་ཕྲན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པས་ཡོངས་སུ་ཁྱབ་སོང་བ་རེད། རྗེས་སུ་འཇིག་རྟེན་གྲུབ་པའི་གཞི་རྒྱུ་མཐར་ཐུག་པའི་ཧེ་རྡུལ་དང་ཡང་རྡུལ་ལྟ་བུ་རྡུལ་ཕྲན་དེ་དག་གིས་གཙོ་བོ་བྱས་པའི་གཞི་རྡུལ་རིག་མི་འདྲ་བའི་མང་པོ་གཅིག་ལ་བརྟེན་ནས། སྐར་སྤྲིན་དང་། སྐར་མ་དང་། གོ་ལ་ལ་སོགས་པ་རིམ་པ་རིམ་པ་བཞིན་དུ་བྱུང་བ་རེད་རེད་ཅེས་དེ་ལྟར་བཤད་པ་རེད།

འོ་ན་གདོད་མིའི་འབར་གས་ཆེན་མོ་འགྲོ་ཁའི་ཡར་སྔོན་དུ་ནག་ཁུང་གིི་རྣམ་པ་དེ་བྱུང་བ་དེ་རྒྱུ་མཚན་དང་རིག་པ་གང་ལ་བརྟེན་ནས་སྒྲུབ་པ་རེད་ཟེར་ན། དེང་སང་ཚན་རིག་པ་ཐམས་ཅད་ཀྱིས། འབར་གས་ཆེན་མོ་མ་བྱུང་པའི་ཡར་སྔོན་དུ་འཇིག་རྟེན་གྱི་འབྱུང་རྒྱུ་མཐར་ཐུག་ཏུ་གནས་པའི་དངོས་པོ་གསུམ་འདུས་ཀྱི་ཕུང་པོ་དེ་འདྲ་ཞིག་ཡོད་རྒྱུ་དེ། རིག་པའི་ཚུལ་མང་པོ་ཞིག་ལ་བརྟེན་ནས་བསྒྲུབ་པ་རེད། གཙོ་ཆེ་བའི་དབང་དུ་བྱས་ན། གཅིག ང་ཚོ་དཔེར་ན། ད་ཡོད་འཇིག་རྟེན་གྱི་ཁམས་འདི་ན། ཚ་དྲོད་དེ་ཇེ་ཆུང་དུ་འགྲོ་བཞིན་པའི་སྣང་ཚུལ་ཞིག་ཡོད་རེད། གང་རེད་ཟེར་ན། དེ་འདྲའི་ཚ་དྲོད་ཟེར་བ་དེ། ཉི་མའི་དྲོད་དང་། མེའི་དྲོད་ལྟ་བུ་ཞིག་མ་རེད། དེ་ནི་འོད་འཛིན་པའི་ཤེར་ལེམ་དེ་འདྲ་ཞིག་ལ་བརྟེར་ནས་འོད་ཀྱི་འདུས་ཚད་སམ། འཕྲོ་ཚད་དམ། རིམ་ཚད་དེ་འདྲའི་སྟེང་ནས་དཔག་ཡོང་དུས་མཐོང་ཐུབ་པ་ཞིག་རེད། དེའི་ག་རེ་བདེན་དཔང་བྱས་པ་རེད་ཟེར་ན། འཇིག་རྟེན་གྱི་ཁམས་འདི་ན་དྲོད་ཚེ་དེ་རིམ་བཞིན་ཇེ་དམའ་ལ་འགྲོ་བཞིན་པའི་སྣང་ཚུལ་ཅིག་ཡོད་རེད། དེ་འདྲའི་དྲོད་ཚད་ཇེ་དམའ་ལ་འགྲོ་བཞིན་པའི་སྣང་ཚུལ་དེས། མཐར་གཏུགས་ཏེ་བཤད་ན། གནའ་དང་མའི་དུས་སུ་དྲོད་ཀྱི་འདུས་ཚད་ཧ་ཅང་སྟོབས་ཆེན་ཞིག་འགས་འཐོར་སུ་སོང་བའི་སྟེང་ནས། ད་དྲོད་ཚད་དེ་ལོ་རེ་ནས་ལོ་རེ་བཞིན་མར་ཇེ་ཆུང་དུ་འགྲོ་བཞིན་པའི་གནས་ལུགས་དེ་མཐོང་གི་ཡོད་པ་རེད། རིག་པའི་སྟེང་ནས་དཔྱད་ནའང་དང་པོ་ཚད་མཐོན་པོ་ཞིག་མེད་ན། བར་དང་། ཕྱིས་སུ་དེ་མར་ཚད་ཇེ་ཆུང་དུ་འགྲོ་རྒྱུ་ཞིག་ཡོད་མ་རེད་པཱ།

གཉིས་པ་གང་རེད་ཟེར་ན། འཇིག་རྟེན་གྱི་སྐར་ཚོམ་མམ། སྐར་མའི་ཆོལ་ཁ་ཡོངས་སུ་རྫོགས་པ་དེ་ལོ་རེ་ནས་ལོོ་རེ་བཞིན་དུ་ཚད་ངེས་ཅན་ཞིག་ཇེ་མྱུར་ནས་ཇེ་མྱུར་དུ་ཕར་རྒྱང་སྐྱེད་བྱེད་བཞིན་ཡོད་པ་རེད། གང་རེད་ཟེར་ན། མིའི་འགྲོ་བ་གནས་པའི་ས་སྒང་དང་། ཉི་མའི་ཁྱིམ་རྒྱུད་ཡོད་སའི་དགུ་ཚིགས་ཀྱི་དཀྱིལ་འཁོར་དེ་དང་། དེ་ལས་གཞན་པའི་འཇིག་རྟེན་ཁམས་ཀྱི་སྐར་ཚོགས་དེ་དག་ལོ་རེ་བཞིན་དུ་ཕར་རྒྱང་སྐྱེད་བྱེད་བཞིན་ཡོད་རེད། དེ་འདྲའི་སྐར་ཚོམ་ཆེན་མོ་དེ་དག་ལོ་རེ་བཞིན་ཕར་རྒྱང་སྐྱེད་བྱེད་བཞིན་པའི་རྣམ་པ་དེའི་ཅི་མཚོན་པ་རེད་ཟེར་ན། དང་པོ་ཧ་ཅང་ཉེ་ཞིང་འདུས་པའི་ཚད་གཞི་གཅིག་ནས་ཕར་འགས་འཐོར་དུ་སོང་བ་མ་ཡིན་ན། རྗེས་སུ་འགྲོས་ཇེ་མགྱོགས་སུ་བཏང་བའི་སྒོ་ནས་ཕར་རྒྱང་སྐྱེད་ཀྱི་རྣམ་པ་དེ་སྲིད་པ་མ་རེད། རྒྱབ་མ་དེ་འདྲའི་རྒྱང་སྐྱེད་ཀྱི་རྣམ་པ་དེར་དཔྱད་ཡོང་དུས་དང་པོ་དེ་དག་ལྷན་གཅིག་ཏུ་འདུས་ནས་ཡོད་པ་དང་། དང་མའི་འདུས་ཚད་དེ་ཧ་ཅང་འཐོ་བའི་སྟེང་ནས་ཕར་འགས་འཐོར་དུ་སོང་དུས། ད། ལོ་རེ་བཞིན་དུ་འགྲོས་ཇེ་མགྱོགས་ཀྱི་སྒོ་ནས་ཕར་རྒྱང་སྐྱེད་རྣམ་པ་དེ་བྱུང་བ་རེད།

གསུམ་པ་ཡིན་ན། དེང་སང་སྐར་མའི་ཆོལ་ཁ་ཟེར་ནའང་འདྲ། དགུ་ཚིག་གི་དཀྱིལ་འཁོར་འདིར་འདྲ་མིན་མང་པོ་ཞིག་མཐོང་གི་ཡོད་རེད། དེ་ཡོངས་རྫོགས་ལ་ཁྱབ་པའི་དངོས་མཐོང་གི་རྟགས་ཅིག་གང་རེད་ཟེར་ན། གཞི་རྡུལ་ཤིན་ཏུ་ཕྲ་བ་ཧེ་རྡུལ་དང་ཡང་རྡུལ་ཟེར་བའི་རྡུལ་ཕྲན་དེ་གཉིས་ཀྱིས་རྒྱང་རིང་གི་སྐར་མ་ག་འདྲ་ཡིན་ཡང་དེའི་གྲུབ་ཆ་ལ་ཧེ་རྡུལ་དང་ཡང་རྡུལ་གྱིས་ཆབ་ཡོད་པ་དེ་རེད། དེ་ལ་རྟེན་ནས་དང་པོ་རིགས་གཅིག་གམ། གོང་བུ་གཅིག་གམ། གནས་གཞི་གཅིག་གི་སྟེང་ནས་ཕར་གྱེས་གྲལ་དུ་སོང་བ་ཡིན་པ་ཤེས་ཐུབ་པ་རེད། དེ་ལྟ་མིན་པར་སྐར་མ་སོ་སོ་རང་རང་ནས་བྱུང་བ་ཞིག་ཡིན་ན། དང་པོ་ཁོ་ཚོ་གཞི་གཅིག་ལ་མཉམ་གཅིག་ཏུ་འདུས་པའི་འབྲེལ་བ་དེ་འདྲ་བྱུང་མེད་པ་ཡིན་ན། རྗེས་སུ་དེ་དག་ལ་ཐུན་མོང་གི་མངོན་རྟགས་སམ། འགྲུབ་རྒྱུ་དེ་འདྲ་གཅིག་མཚུངས་དེ་འདྲ་ཡོང་སྲིད་པ་མ་རེད་ཅེས། དེ་འདྲའི་རིག་ཐབས་གསུམ་དང་། དེ་ལས་གཞན་དུ་གྱུར་པའི་རིག་པ་མང་པོ་ཞིག་ལ་རྟེན་ནས་གདོད་མའི་འབར་གས་ཆེན་མོ་དེ་གསལ་སྒྲུབ་བྱེད་ཀྱི་ཡོད་རེད། དེ་འདྲའི་འབར་གས་ཆེན་མོ་དེ་བྱུང་བའི་རྗེས་སུ། ངས་ད་ལྟ་ཟེར་རྒྱུ་དེ་རེད། ཧེ་རྡུལ་དང་། ཡང་རྡུལ་ལྟ་བུ་རྡུལ་ཕྲན་ཆུང་ངུ་ཐམས་ཅད་ཡོངས་སུ་འདུས་གསལ་བྱུང་བ་ལ་བརྟེན་ནས། གཞི་རྡུལ་གྱི་རྣམ་པ་མི་འདྲ་བ་མང་པོ་ཞིག་གྲུབ། དེ་དག་ལ་བརྟེན་ནས་འཇིག་རྟེན་ཁམས་ཀྱི་རགས་པ་གཟའ་སྐར་དང་། ཕྲ་བ་རྡུལ་ཕྲན་ཚུན་ཆད་ཡོངས་སུ་རྫོགས་པ་དེ་བྱུང་བ་རེད་ཅེས་ཐོག་མའི་འཇིག་རྟེན་བྱུང་ཚུལ་སྐོར་དེ་འདྲ་སྨྲ་ཡི་ཡོད་པ་རེད། དེ་འདྲ་ཡིན་ན་ཕལ་ཆེར་མི་ལོ་ཐེར་འབུམ་མང་པོའི་གོང་རོལ་གྱི་སྐད་ཆ་རེད། དེ་ནས་མར་རིམ་པས་རིམ་པས་ཡོང་དུས། རྒྱུ་དང་རྐྱེན་མང་པོ་ཞིག་ལ་བརྟེན་ནས། དགུ་ཚིགས་དཀྱིལ་འཁོར་ཆེན་མོ་དང་། དེ་ལས་བྱེ་བྲག་ཉི་མའི་ཁྱིམ་རྒྱུད། དེའི་ནང་ནས་ས་གོ་ལ་སོགས་རིམ་པར་བྱུང་བ་རེད། ང་ཚོའི་ཉི་མའི་གོ་ལ་དེ་ལ་ཕལ་ཆེར་ལོ་དུང་ཕྱུར་དྲུག་བཅུའི་ལོ་རྒྱུས་ཡོད་པ་རེད་ལ། ས་སྒང་འདྲ་ཡིན་ན། ལོ་དུང་ཕྱུར་བཞི་བཅུ་ཞེ་དྲུག་གི་ལོ་རྒྱུས་ཡོད་པ་རེད། ཚེ་སྲོག་འདྲ་ཡིན་ན། མི་ལོ་བྱེ་བ་ཁ་ཤས་མ་གཏོགས་ཡོད་མ་རེད།

༢ ཚེ་སྲོག་རིམ་འགྱུར་གྱི་ཆོས་ཉིད་དམ། ཚེ་སྲོག་ཇི་ལྟར་བྱུང་ཚུལ།

སྤྱིར་ས་གོ་ལ་ལ་ལོ་དུང་ཕྱུར་བཞི་བཅུ་ཞེ་དྲུག་ཙམ་གྱི་ལོ་རྒྱུས་ཡོད་རེད་དེ། དེའི་ཐོག་གི་ཚེ་སྲོག་བྱུང་བའི་ལོ་རྒྱུས་ལ་ལོ་བྱེ་བ་འགའ་མ་གཏོགས་ཡོད་མ་རེད། དེའི་སྟེང་ནས། ཧ་ག་རེ་གོ་བ་རེད་ཟེར་ན། དངོས་པོ་དེ་སྔོན་ནས་བྱུང་བ་དང་། འདུ་ཤེས་སམ། བསམ་པ་དེ་རྗེས་ནས་བྱུང་བའི་གནས་ལུགས་རྟོགས་ཐུབ་པ་རེད། དེ་འདྲ་ཡིན་དུས། དངོས་གཙོ་པ་ཐམས་ཅད་ཀྱིས་དངོས་པོ་ལ་རྟེན་ནས་འདུ་ཤེས་གསར་དུ་བྱུང་ཟེར་བ་དེ་རྒྱུ་མཚན་དང་། གཏན་ཚིག་དེ་གནས་ལུགས་དེ་ཉིད་ལ་བརྟེན་ནས་སྨྲ་བ་རེད་དེ་གཅིག་རེད། གཉིས་པ་འདྲ་ཡིན་ན། དེང་སང་ཚན་རིག་གི་ལམ་ནས་གསར་དུ་བདེན་དཔང་བྱུང་བའི་ཆ་དེ་གང་རེད་ཟེར་ན། ས་གོ་ལ་ཐོག་མར་ཆགས་པའི་སྐབས་ས། གདོད་མའི་མཁའ་རླུངས་ཆེན་མོའི་ཁྲོད་དམ། ས་སྒང་གི་སྟེང་དུ་འཁྱིལ་བའི་རྒྱ་མཚོ་ཆེན་མོའི་ནང་དུ་ཨེ་ཡལ་འདྲ་འདྲ་དང་། ལྷ་ཆན་འདྲ་འདྲ་དང་། རླངས་པ་འདྲ་འདྲ་དང་། ཨན་ཟེར་བ་འདྲ་འདྲ་རྫས་འགྱུར་གྱི་གཞི་རྒྱུ་སམ་གྲུབ་ཆ་མང་པོ་ཞིག་ཡོད་པ་རེད། དེ་ཚོ་ལ་ཉི་མའི་སྨུག་སའི་འོད་ཟེར་དང་། གློག་འཁྱུགས་པ་ལ་སོགས་པ་ཕྱི་ཡུལ་གྱི་ནུས་པ་གང་མཚམས་ཞིག་ཐོན་པ་ལ་བརྟེན་ནས། གཞི་སྐྱུར་འདྲ་འདྲ། མངར་ཆ་འདྲ་འདྲ། ཕུ་ལང་འདྲ་འདྲ་ཆེས་ཕྲ་རབ་ཀྱི་གྲུབ་ཆ་དེ་ཚོ་དེ་བྱུང་བ་རེད་ཟེར། དེའི་ཡན་ཆད་ལ་བྱུང་བའི་དངོས་པ་ཚང་མ་སྐྱེ་མེད་ཀྱི་དངོས་པོ་དག་དག་རེད། དེ་དག་ལ་བརྟེན་ནས་སྐྱེ་ལྡན་གྱི་དངོས་པོ་དཀྲི་དཀར། ཧོ་སྐྱུར། དེ་ཚོ་འཕེལ་རྒྱས་སུ་སོང་བ་རེད། དེ་ནས་དཀྲི་དཀར་དང་། ཧོ་སྐྱུར་དེ་ཚོ་ཡང་རིམ་པ་བཞིན་དུ་འཕེལ་གྱུར་དུ་སོང་བའི་སྟོབས་ཀྱིས། རྗེས་ནས་སྲོག་ཆགས་དངོས་ཀྱི་རྣམ་པ་ཅན་ནམ། མཁའ་རླུངས་འབྱིན་རྔུབ་བྱེད་ནུས་པའི་སྲོག་ཆགས་དངོས་མ་འདྲ་བོ་དེ་དག་བྱུང་བ་རེད། བྱུང་ཚུལ་དེ་ལ་བལྟས་པ་ཡིན་ན། ཐོག་མར་དངོས་པོའི་འགྱུར་སྐྱོད་ཟེར་ནའང་འདྲ། དངོས་པོའི་འདུས་སྦྱོར་ཟེར་ནའང་འདྲ། དངོས་པོ་གསང་འདུས་ལ་བརྟེན་ནས། ཚེ་སྲོག་གམ། སྲོག་ཆག་དེ་དག་གསར་དུ་བྱུང་བ་ལྟ་བུ་དེ་འདྲ་ཞིག་རེད་མ་གཏོགས། ཐོག་མར་དངོས་པོ་དེ་ཡེ་ནས་མེད་པའི་སྔ་རོལ་དུ་སེམས་སམ་རྣམ་ཤེས་ཟེར་བ་དེ་འདྲ་ཞིག་ཡོད་ནས། དེའི་མཐུ་ལ་བརྟེན་ནས་དངོས་པོ་དེ་གསར་གྲུབ་བྱུང་བ་ལྟ་བུ་ཞིག་གཏན་ནས་འདོད་ཀྱི་ཡོད་པ་མ་རེད། དེ་མིན། ད་ལྟ་ང་ཚོ་གདོད་མིའི་རླུངས་ཁམས་ཆེན་མོའི་ཁྲོད་དུ་ཁྱབ་པའི་ཨེན་དང་ཏེལ་ལ་སོགས་པ་རྫས་འགྱུར་གྱི་གཞི་རྒྱུ་དེ་དག་འདུས་བསལ་བྱུང་བ་ལ་བརྟེན་ནས་ཚེ་སྲོག་དེ་བྱུང་ཚུལ་དེ། རིགས་འདེད་དང་། ཚོད་དཔག་བྱས་ཡོང་པ་ཙམ་ཞིག་གཏན་ནས་མ་རེད། དེང་སང་རྫས་འགྱུར་དེ་ཚོ་དང་ཆ་མཉམ་པའི་རྫས་ཀྱི་གཞི་རྒྱུ་ཉུང་བསྡུས་ཤིག་ཕྱོགས་བསྡོམས་བྱས་པའི་སྒོ་ནས། དེ་ལ་ཕྱི་ཡུལ་གྱི་སྨུག་སའི་འོད་ཟེར་དང་། གློག་འཁྱུག་གི་ནུས་པ་ལྟ་བུ་ཐོན་པ་ལ་བརྟེན་ནས་གདོད་མའི་སྐྱེ་དངོས་དང་། སྲོག་ཆག་ལྟ་བུ་སྲོག་ཆག་ཕྲ་རག་དེ་དག་གསར་སྐྲུན་བྱེད་ཐུབ་ཀྱི་ཡོད་པ་རེད། དེ་ཚོ་དངོས་མཐོང་ལག་ཟིན་གྱི་བདེན་དཔང་རེད། བདེན་དཔང་དེ་ལ་བརྟེན་ནས་གདོད་མའི་ཚེ་སྲོག་དེ་དེ་ལྟར་བྱུང་བ་རེད་ཅེས་བཤད་ཀྱི་ཡོད་པ་རེད།

ཡང་དེའི་ཐད་དུ་ལོག་འགྲེལ་འགའ་ཤས་ཡོད་རེད། ང་ཚོའི་ཆོས་ལུགས་ཀྱི་ནང་དུ། ཐོག་མའི་སྲོག་ཆག་ཇི་ལྟར་བྱུང་ཚུལ་གྱི་སྐོར་ལ་ལོག་བཤད་མང་པོ་ཡོད་པ་སྨོས་མེད་རེད་དེ། མཚན་ཉིད་རིག་པ་དང་ནི། བརྟག་ཐབས་སྨྲ་བ་ལ་སོགས་པའི་ཁྲོད་དུ་ཡིན་ནའང། ཚེ་སྲོག་གི་འབྱུང་ཁུང་མཐར་ཐུགས་དེ་སྐར་ཁམས་གཞན་དག་གི་སྟེང་ལ་ཡོད་པ་དེ་ས་སྒང་གི་ཐོག་ཏུ་སྐར་མདའ་ཕོོག་པ་སོགས་ལ་བརྟེན་ནས་བྱུང་བའམ། ཚུལ་འགོས་ཡོང་བ་རེད་ཅེས་དེ་འདྲ་བཤད་ཚུལ་ཡོད་རེད། དེ་ཚོ་ལ་ཡང་སྙིང་དྲི་བ་ཞིག་བཏོན་ན། ས་གོ་ལའི་སྟེང་དུ་སྲོག་ཆག་ཐོག་མར་བྱུང་བ་དེ་སྐར་མ་གཞན་དག་ཞིག་གི་སྟེང་ནས་འཕོ་སྐྱེལ་བྱས་ཡོང་རྒྱུ་གྱིས། འོ་ན་སྐར་མ་གཞན་དག་གི་སྟེང་གི་ཚེ་སྲོག་འབྱུང་བའི་གཞི་ཐོག་མ་ཞིག་གང་འདྲ་བྱས་ནས་བྱུང་བ་རེད་ཅེས་དྲིིས་ན་ཁོ་ཚོའི་ལན་ཇི་བཞིན་དུ་རྒྱག་ཐུབ་ཀྱི་ཡོད་པ་མ་རེད། དེའི་རྐྱེན་གྱིས་བཤད་སྟངས་དེ་ཚོ་ལ་ཁུངས་དང་ལུང་། ཡང་ན་རྒྱུ་མཚན་ངེས་རྟེན་མེད་པ་དེ་ང་ཚོའི་ཧ་ཅང་རྟོགས་སླ་པོ་དེ་འདྲ་རེད།

གཉིས་པ་ང་ཚོའི་ཆེས་དམའ་རིམ་གྱི་སྲོག་ཆག་སྡོད་མའི་ཉིང་ཕྲའམ། འབུ་ཕྲ། ཡང་ན། རྩ་འབུ་སྔོན་པོ། ཉ་དང་ཉེའུའི་སྐྱེ་རྒྱུན་ཐོག་མ་དེ་འདྲ་ཡོད་རེད་པཱ། སྐབས་དེ་དུས་ཡིན་ན་ཚེ་སྲོག་བྱུང་ཙམ་མ་གཏོགས། ཚེ་སྲོག་གི་བདག་ཉིད་དུ་གནས་པའི་སྲོག་ཆག་དེ་ལ་འཕེལ་རྒྱས་ཆེན་པོ་ཞིག་བྱུང་མེད་པའི་རྐྱེན་གྱིས། དེང་སང་གི་སྲོག་ཆག་ལྟ་བུ་ཞིག་འགུལ་སྐྱོད་ཀྱི་ཆ་གནས་ཡིན་ནའང་འདྲ། རྟོག་དཔྱོད་དང་། ཚོར་ཤེས་ཀྱི་ཆ་ནས་ཡིན་ནའང་འདྲ། དེ་ཚོ་ཚང་མའི་ཆ་ནས་དེང་སང་སྐྱེ་དངོས་ལྟ་བུ་ཕུན་སུམ་ཚོགས་པོ་དེ་འདྲ་ཡོད་མ་རེད། དེ་ད་ལྟ་ང་ཚོའི་འགྱུར་རྡོ་ལ་སོགས་པའི་སྟེང་ནས་ཕྱིར་རྟོག་བྱས་ནའང་ཐུབ་རེད། དེ་ནས་རིམ་པ་བཞིན་དུ་འཕེལ་འགྱུར་བྱུང་ཡོང་དུས། གདོད་མའི་ཉ་ལ་སོགས་པ་ནས། སྐམ་བགྲོད་ཀྱི་སྲོག་ཆག་བྱུང་། དེ་ནས་རིམ་པར་སྤྲ་ནས་མི་རུ་འགྱུར་བ་རེད་ཅེས་བཤད་པ་རེད། འགྱུར་བའི་རྒྱུད་རིམ་ཚང་མའི་ཐོག་ཏུ་རིག་པ་རེ་རེ་བཀོད་ནས་བཤད་དགོས་མ་རེད། དཔེར་ན་སྤྲ་ནས་མི་རུ་འགྱུར་བ་རེད་ཅེས་ཟེར་བ་དེའང་སྤྱིར་སྤྲ་དང་མི་གཉིས་ཕྱོགས་མཚུངས་པ་ཙམ་གྱིས་སྤྲ་དེ་མི་རུ་འགྱུར་བ་རེད་ཅེས་གཏན་ནས་བཤད་ཀྱི་ཡོད་པ་མ་རེད། དེ་ལ་དངོས་མཐོང་གི་བདེན་དཔང་མང་པོ་ཞིག་ཡོད་རེད། དངོས་མཐོང་གི་བདེན་དཔང་ག་རེ་རེད་ཟེར་ན། གཅིག་རུས་སྒྲོམ་གྱི་ཆ་ནས་ཕན་ཚུན་གཤིབ་བསྡུར་བྱས་པ་ལ་རྟོག་པ་སྟེ། སྤྲ་མའི་རུས་སྒྲོམ་དང་། འགྲོ་བ་མའི་རུས་སྒྲོམ་དེ་ཧ་ཅང་འདྲ་པོ་རེད། སྤྲ་དང་། གདོད་མི་དང།མི་ཅེས་རིགས་ཆེན་པོ་གསུམ་དུ་དབྱེ་བ་རེད། སྤྲ་དང་གདོད་མི་དང་མི་གསུམ་པོའི་རུས་སྒྲོམ་དེ་ཕན་ཚུན་གཤིབ་བསྡུར་བྱས་ཡོང་ན། འདྲ་བའི་ཆ་ཧ་ཅང་མང་པོ་ཡོད་རེད།

གཉིས་པ་གང་རེད་ཟེར་ན། ཤེས་ཚོར་གྱི་ཆ་ནས་སྤྲ་དེ་དག་ལ་མི་དང་ཕྱོགས་མཚུངས་པའི་སྤྲ་དེ་དག་ལ་ཤེས་པ་དང་ཚོར་བའི་ཆ་ནས་ཡང་མི་དང་ཕྱོགས་མཚུངས་པའི་ཆ་མང་པོ་ཡོད་རེད། གསུམ་པ་ཀླད་ཁམས་ཀྱི་ཆག་དབྱིབས་སམ། ཀླད་པའི་རྒྱ་ཁྱོན་དང་། ཀླད་རྩ་གྲུབ་སྟངས་འབྲེལ་བའང། འདྲ་བའི་ཆ་མང་པོ་ཡོད་པ་རེད། གཞི་པ་མངལ་སྦྲུམ་པ་དང་། ཕྲུ་གུ་སྐྱེ་བ་ལ་སོགས་པའི་ཆ་ནའང་འདྲ་བའི་ཆ་ཧ་ཅང་མང་པོ་ཡོད་རེད། དཔེར་ན། མངལ་སྦྲུལ་སྟངས་དང་། མངལ་གནས་ཕྲུ་གུའི་ཆག་དབྱིབ། མངལ་སྦྲུམ་བྱེད་ཀྱི་ཐོག་མའིརྒྱུ་ཆ་ལ་སོག་པའི་ཆ་ནས་འདྲ་བའི་ཆ་མང་པོ་ཡོད་པ་རེད། ལྔ་པ་ཡིན་ན། སྤྲ་དང་མི་གཉིས་ཀ་ལ་ཐུན་མོང་གི་འགོ་བའི་ནད་དམ། རིག་རྒྱུད་རང་བཞིན་ཅན་གྱི་ནད་ཟེར་བ་གཅིག་ཡོད་རེད་པཱ། དཔེར་ན་ནད་ལ། སྲོག་ཆག་རང་རང་ལ་ཐུན་མིན་གྱི་ནད་དེ་འདྲ་ཡོད་པ་རེད། སྲོག་ཆག་དེ་ལ་མ་གཏོགས་གཞན་ལ་འགོས་ཁྱབ་བྱུང་དུ་མེད་པ་དང་། སྲོག་ཆག་དེ་ཐོག་མར་བྱུང་ནས་ད་ལ་ཐུག་གི་བར་དུ་ནམ་ཡང་རྒྱུན་མཐོང་གི་ཚུལ་དུ་ཡོད་པའི་ནད་དེ་འདྲ་ཡོད་པ་རེད། ནད་རིགས་དེ་དག་གི་ཆ་ནས་ཀྱང་སྤྲ་དང་མི་གཉིས་པོར་ཐུན་མོང་དུ་ཡོད་པའི་ནད་དེ་འདྲ་ཡོད་པ་རེད། དེ་ལས་ཀྱང་གཙོ་ཆེ་བ་གཅིག་གང་རེད་ཟེར་ན། ཁྲག་རྒྱུན་གྱི་ཆ་ནས། ཁྲག་གི་གྲུབ་ཆའམ། ཁྲག་གི་ནང་དུ་འདུས་པའི་རྫས་འགྱུར་གྱི་ཆ་དེ་དག་ལ་ཡང་འདྲ་བའི་ཆ་མང་པོ་ཡོད་པ་རེད། དེ་ལ་སོགས་པ་དངོས་མཐོང་གི་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་སྤྲ་ནས་རིམ་པར་མི་རུ་འགྱུར་བ་རེད་ཅེས་བཤད་པ་རེད། ད་རུང་དེ་མ་ཡིན་པའི་བདེན་དཔང་གཞན་འགྱུར་རྡོ་ལ་སོགས་པ་ལ་བརྟེན་ནས་རྗེས་སུ་དཔོགས་ཐུབ་པ་རེད།

དངོས་གཙོ་མཚན་ཉིད་རིག་པའི་གྲུབ་མཐའ་འདི་དག་གིས་ཡིན་ན། ཡིད་འཇོག་དག་དང་། ཡོད་འཇོག་ལྟ་བ་དེ་འདྲའི་མཚུངས་འཇོག་ཀྱང་ཀྱང་གི་སྒོ་ནས་གྲུབ་མཐའ་དེ་བཙུགས་ཀྱི་ཡོད་པ་མ་རེད། དེ་བས་ན་ཐོག་མའི་འཇིག་རྟེན་དང་ཚེ་སྲོག་གི་བྱུང་ཚུལ་དེ་འདྲ་ཞིག་རེད།

༣ རྣམ་ཤེས་ཞེས་པ་ཀླད་ཆེན་ལས་ལོགས་སུ་གྱུར་པ་ཞིག་མེད་པའི་ཚུལ།

ཚེ་སྲོག་གི་འབྱུང་སྟངས་སྐོར་ནས་དཔེར་ན་མཐོ་རིམ་མི་ལ་ཚོར་ཤེས་དང་ཡིད་བྱེད་དམ། འདུ་ཤེས་གཉིས་དེ་ཡོད་རེད། དེང་སང་གི་བརྡའི་སྟེང་ནས་བཤད་ན་བསམ་གཞིགས་ཟེར་བ་རེད། ཚོར་ཤེས་དང་བསམ་ཞིག་ཟེར་བ་དེ་གཉིས་པོ་ཡོད་རེད། མི་མ་ཡིན་པའི་སྲོག་ཆག་གཞན་དག་ལའང་ཚོར་ཤེས་དང་ཚོར་ཤེས་ཀྱི་སྟེང་དུ་བསམ་གཞིགས་ཀྱི་ཆ་ཅུང་ཟད་རེ་མ་གཏོགས་ཡོ་མ་རེད། གང་ལྟར་མིའི་ཚོར་ཤེས་དང་བསམ་གཞིགས་ཡོངས་འདུས་ཀྱི་ཕུང་པོ་སེམས་ཡིན་ན་ཆོག སྲོག་ཆག་གཞན་ལ་ཡོད་པའི་ཚོར་ཤེས་རྐྱང་པ་དེ་ཡིན་ན་ཆོག དེ་ཐམས་ཅད་པོ་དེ་ཀླད་པ་ལ་སོགས་པ་ལུས་ཁམས་ཀྱི་གྲུབ་ཆ་ཐམས་ཅད་དེ་ཚད་ངེས་ཅན་ཞིག་ལ་ཐོན་ནས། འཕེལ་རྒྱས་ངེས་ཅན་ཞིག་ལ་སོན་པའི་རྗེས་སུ། ད་ཚོར་ཤེས་དང་བསམ་གཞིགས་ཀྱི་ནུས་པ་ཟེར་ན་འདྲ། སྣང་ཚུལ་འདྲ་བོ་དེའང་འབྱུང་གི་ཡོད་རེད་མ་གཏོགས་ཕྱི་རོལ་ལུས་ཀྱི་ཆ་རྐྱེན་ལ་ལྟོས་པ་མེད་པའི་སྒོ་ནས་ཚོར་ཤེས་དང་བསམ་གཞིགས། ཡིད་ཀྱི་ཆ་དེ་དག་ཚུར་མངོན་བྱུང་སྡད་པ་ཞིག་གཏན་ནས་ཡོད་མ་རེད། དཔེར་ན། ང་ཚོའི་ཤེས་ཚོར་ཡིན་ན་ཕྱི་རོལ་ཡུལ་གྱི་རྣམ་པ་གཏད་པའམ། ཕྱི་རོལ་ཡུལ་གྱི་ཚུར་སྣང་མ་བྱུང་བ་ཡིན་ན། ལོང་བ་ལ་གཟུགས་ཀྱི་ཆག་དབྱིབས་འདྲ་བོ་དེ་ཤེས་པ་དང་ཚོར་བའི་མིག་ཡོད་མེད། དེར་མཚུངས་འོན་པ་ལ་སྒྲ་རྣམ་པ་དེ་ཚོར་བའི་ཚོར་ཤེས་དེ་ཡོད་མ་རེད། དེ་གང་རེད་ཟེར་ན། ཕྱི་རོལ་ཡུལ་གྱིས་ཚོར་ཤེས་དེ་དབང་ཁམས་རྒྱུད་པའི་སྒོ་ནས་ཀླད་པ་ལ་བརྡ་སྤྲོད་ཀྱི་ཡོད་པ་རེད། ལོང་བ་དང་འོན་པ་ལྟ་བུ་ལ་ཆ་མཚོན་པ་ཡིན་ན་ཕྱི་རོལ་ཡུལ་གྱི་རྣམ་པ་དེ་ཚུར་ཀླད་ཁམས་ཀྱི་ནང་དུ་སྐྱེལ་འདྲེན་བྱེད་པའི་མ་ལག་དབང་པོ་ཡོད་པ་མ་རེད། གལ་ཏེ་སེམས་དང་སེམས་ཀྱི་གྲུབ་ཆ་མཐའ་དག་དེ་ཕྱི་དངོས་པོ་ལ་ལྟོས་པ་མེད་པར་རང་དབང་བརྟན་ཆག་ཏུ་གནས་པའི་ཆོས་ཤིག་ཡིན་སོང་བ་ཡིན་ན། ཕྱི་རོལ་ཡུལ་གྱི་ཚོར་ཤེས་དང་། བསམ་གཞིགས་ཀྱི་སེམས་ཀྱི་འཇུ་ཆ་ཡོངས་སུ་རྫོགས་པ་དེ་ཡོང་དགོས་ཀྱི་ཡོད་པ་རེད་པཱ། སྤྱི་ཚེ་སྲོག་རིམ་འགྱུར་གྱི་རྒྱུད་རིམ་གྱི་སྟེང་ནས་ལྟས་ཡོང་ན། ཕྱིའི་བེམ་ལུས་དེ་དེ་ཙམ་ཆ་ཚང་པོའམ། ཚད་ངེས་ཅན་ནམ། རྣམ་པ་དག་པོ་ཞིག་མ་བྱུང་བའི་གནས་སྐབས་ན། ཚོར་ཤེས་དང་ཡིད་བྱེད་འདྲ་བོ་དེའང་ཚད་དམའ་མོ་ཡིན་རྒྱུ་དང་། ཕྱི་ལུས་ཁམས་ཀྱི་འདུས་རྫས་ཡོངས་སུ་རྫོགས་པ་དེ་འཕེལ་རྒྱས་ཕྱིན་པ་དང་མཉམ་དུ། ནང་གི་ཚོར་ཤེས་དང་བསམ་གཞིགས་ཀྱི་ནུས་པ་དེའང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་ཞིག་རེད།

དཔེར་ན་སྤྲ་ལ་མཚོན་ན་ཚོར་ཤེས་ཙམ་མ་གཏོགས་བསམ་གཞིགས་ཀྱི་ཆ་ཤས་ཆེར་ཡོད་མ་རེད། འགྲོ་བ་མི་ལ་ཡིན་ཚོར་ཤེས་མ་ཚད་བསམ་གཞིགས་ཀྱི་ཆའང་ཚད་ངེས་ཅན་ཞིག་ཡོད་པ་རེད། དེ་གང་རེད་ཟེར་ན། སྤྲ་མིའི་ཀླད་པ་ལ་ལྟོས་ན་མིའི་ཀླད་པ་དེ་ལྡབ་འགའ་ཤས་ཀྱིས་མཐུན་སྒོ་ཇེ་ཚང་དང་། ཕུན་སུམ་ཇེ་ཚོགས་སུ་སོང་ཡོད་པའི་རྐྱེན་གྱིས་ཀླད་པའི་ཆ་ཤས་དེ་དག་གི་བྱེད་ནུས་ལས་བསམ་གཞིགས་ཐོན་ཡོང་བ་རེད། གལ་ཏེ་རྣམ་ཤེས་ཟེར་བ་དེ་ཀླད་ཆེན་ལ་སོགས་པར་གཏན་ནས་འབྲེལ་བ་མེད་པའམ། དེ་ལས་ངོ་བོ་ཐ་དད་ཅིག་ཡིན་སོང་བ་ཡིན་ན། ད། ཀླད་ཁམས་དེ་འཕེལ་རྒྱས་དང་འགྱུར་ལྡོག་སོང་བ་ཙམ་ཞིག་ལ་རྟེན་ནས་ཚོར་ཤེས་དང་བསམ་གཞིགས་དེ་དག་ལ་གོང་འཕེལ་འགྲོ་རྒྱུ་དེ་འདྲ་དེ་ཡོང་སྲིད་པ་མ་རེད། ཡིན་ནའང་། མིའི་རྣམ་ཤེས་དང་། ཡང་ན། ཚོར་ཤེས་དང་བསམ་གཞིགས་དེ་དག་དེ་ཀླད་ཆེན་གྱི་ཕྱོགས་ཆ་འགའ་ཤས་ཀྱི་བྱེད་ལས་སམ། ལུས་ཀྱི་ཆ་ཤས་འགའ་རེའི་བྱེེད་ལས་ཙམ་ཞིག་ཡིན་པའི་རྐྱེན་གྱིས། ལུས་ཀྱི་ཆ་ཤས་དེ་དག་རིམ་པར་རྫས་ཀྱི་ནུས་པ་དང་། འདུས་སྟོབས་བྱུང་བ་དང་བསྟུན་ནས། ནང་གི་རྣམ་ཤེས་དེ་དག་ལའང་འགྱུ་འཕྲོ་དེ་དག་དེ་འགྲོ་ཡི་ཡོད་པ་རེད། ད་ང་ཚོའི་སྐད་ཆ་དེ་མང་པོ་རེད་སོང་། ད་མཐའ་དོན་འདྲ་གང་ཡོད་ཟེར་ན། རྣམ་ཤེས་ཟེར་བ་དེ་ཀླད་ཆེན་ལས་ལོགས་སུ་གྱུར་པ་ཞིག་ཡོད་མ་རེད། དངོས་གཙོ་པ་ཐམས་ཅད་ཀྱིས་དེ་མེད་པའི་རྒྱུ་མཚན་ག་རེ་བཤད་ཀྱི་ཡོད་པ་རེད་ཟེར་ན། དེང་སང་རང་བྱུང་ཚན་རིག་པས་ཀྱང་བརྟག་དཔྱད་མང་པོ་བྱས་པ་རེད། གང་རེད་ཟེར་ན། དཔེར་ན། ཁྱི་དང་བྱི་ལ་ལ་སོགས་པ་ལ་ཀླད་པའི་ནང་དུ་དགའ་བ་སྐྱེ་བའི་གནས་སམ། ཁོང་ཁྲོ་སྐྱེ་བའི་གནས། ཡང་མིན་ན་སེམས་ཀྱི་འདུ་ཤེས་སྣ་ཚོགས་འཕྲོ་བའི་གནས་རེ་རེ་ཡོད་རེད་པཱ། དགའ་སྤྲོ་སྐྱེ་བའི་གནས་དེ་ལ་འགུལ་སྐྱོད་ངེས་ཅན་ཞིག་བཏང་བ་ཡིན་ན་ཕྱི་རོལ་ནས་རྐྱེན་གཞན་དག་ལ་ཤས་ཆེར་མ་ལྟོས་པའི་སྒོ་ནས་དགའ་བའི་རྣམ་པ་ངོམ་ཡོང་རྒྱུ་འདྲ་འདྲ་དང་། ཡང་ན། ཁོང་ཁྲོ་སྐྱེ་བའི་གནས་དེ་ལ་གློག་གིས་རྒུལ་བཅོམ་འདྲ་གཏོང་ཡོང་དུས། ཕྱི་རོལ་གྱི་རྐྱེན་གཞན་ལ་མ་ལྟོས་པར་ཁྲོ་བའི་རྣམ་འགྱུར་ངོམ་ཡོང་རྒྱུ་འདྲ་འདྲ་དེ་ཡོད་རེད། དེ་ཙམ་དུ་མ་ཟད། དྲན་ཤེས་ཟེར་དགོས་རེད་པ། དེ་སྔོན་ཡན་ཆད། མཐོང་བ་དང་། ཐོས་པ་དང་། མྱང་པའི་དོན་དེ་རྗེད་པ་མེད་པར་འཛིན་པའི་དྲན་ཤེས་ཡོད་རེད་པཱ།

དྲན་ཤེས་དེ་ལ་ཡིན་ན་ཀླད་པའི་དབང་རྩའི་ཆ་ཤས་ངེས་ཅན་ཞིག་ལ་རྨས་སྐྱོན་དང་། བརྡབ་བསེག་འདྲ་ཕོག་པ་ཡིན་ན། དྲན་ཤེས་ཡོངས་སུ་ཉམས་འགྲོ་རྒྱུ་དང་། ཡང་ན་མིའི་ལུས་པོར་ཡོངས་སུ་ཁྱབ་པའི་ཚོར་བ། དཔེར་ན། ཚ་བར་ཐུག་ན་འཚིག་ཡོང་རྒྱུ་དང་། གྲང་མོར་རེག་ན་འཁྱག་ཡོང་རྒྱུ་དང་། དེར་མཚུངས། རྩུབ་མོ་ལ་རྩུབ་མོའི་རེག་བྱ་སོགས་རེག་བྱ་བརྒྱད་ཡོད་པ་རེད་པ། ཚོར་བ་དེ་དག་འཛིན་པའི་དབང་རྩ་བརྒྱད་བརྡ་གཅིག་ཏུ་འབྲེལ་བཞག་པའི་ཀླད་ཆེན་ནང་གི་གྲུབ་ཆ་དེ་ལ། རྨས་སྐྱོན་འདྲ་བྱུང་བ་ཡིན་ན། མིའི་ཚོར་བ་ཡོངས་སུ་ཉམ་འགྲོ་རྒྱུ་དེ་འདྲ་འདུག་པཱ། དེར་མཚུངས་ཀླད་ཆེན་གྱིས་མིག་དང་རྣ་བ་སྣ་ལ་སོགས་པ་དབང་པོ་ཐམས་ཅད་དང་འབྲེལ་མཐུད་བྱུང་སྡད་སའི་གནས་དེ་ཚོར་དམིགས་གསལ་གྱི་འགྱུར་བའམ། ཕོག་ཐུག་བཏང་གཞོག་དུས། མིག་གིས་གཟུགས་མི་མཐོང་བ་དང་། སྣས་དྲི་མི་ཚོར་བ་དང་། རྣ་བས་སྒྲ་མི་ཐོས་རྒྱུ་དེ་འདྲ་ཡོང་འགྲོ་རྒྱུ་ཡོད་པ་རེད། དེ་ཐམས་ཅད་ལས་གང་རེ་བདེན་དཔང་བྱེད་ཀྱི་ཡོད་པ་རེད་ཟེར་ན། དབང་ཤེས་ཀྱི་ཆ་ཡིན་ནའང་འདྲ། ཡིད་ཤེས་ཀྱི་ཆ་ཡིན་ནའང་འདྲ། གང་ལྟར་མཚན་ཉིད་རིག་པའི་ཁྱབ་ཁོང་ནས་བཤད་ནས། ཚོར་ཤེས་དང་བསམ་གཞིགས་ཟེར་བ་རེད། ཚོར་ཤེས་དང་བསམ་གཞིགས་ཀྱིས་བསྡུས་པའི་སེམས་ཀྱི་འགྱུ་ཆ། ཡོངས་སུ་རྫོགས་པ་དེ་ཀླད་པའི་སྣང་ཚུལ་དང་འགུལ་སྐྱོད་ཀྱི་རྣམ་པ་ཙམ་ཡིན་རྒྱུ་དེ་ཕལ་ཆེར་བདེན་དཔང་བྱས་ནས་ཡོད་པ་དེ་འདྲའི་སྐོར་ནས་བཤད་པ་རེད། དེ་ནས། སྤྱིར་ཡིན་ན་དེ་དག་ལ་རྒྱུ་མཚན་དང་རིག་པ་མང་པོའི་ཁུངས་སྐྱེལ་དང་། དག་འབུད་བྱེད་རྒྱུ་ཡོད་རེད་དེ། ད་སྐད་ཆ་དེ་ཧ་ཅང་མང་པོ་རེད་སོང་བས། གནས་སྐབས་དེ་ཙམ་གྱིས།

དྲི་བ་དང་དྲིས་ལེན།

དྲི་བ། དངོས་གཙོ་སྒྲུབ་པས་སྐྱེ་བ་སྔ་མ་དྲན་པ་དང་ལྷ་འདྲེའི་རྒྱུད་བརླམས་པ་སོགས་ཡོད་ སྐད་ལ་འགྲེལ་བཤད་འདྲ་ཡོད།

ལན། སྐྱེ་བ་སྔ་ཕྱི་དྲན་མཁན་གྱི་མི་གང་མང་ཞིག་འཇིག་རྟེན་འདི་སྟེང་ན་ཡོད་རེད། དེ་ལ་དངོས་གཙོ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་ནང་དུ་དམིགས་གསལ་གྱི་དཔྱད་པ་བཏང་ནས། འགྲེལ་བཤད་བྱས་བཞག་པ་ཤས་ཆེར་མཐོང་མྱོང་མེད། ཡིན་ནའང་། སྤྱིའི་ཆ་ནས་ག་རེ་རེད་ཟེར་ན། རང་བྱུང་ཁམས་ལ་དམིགས་གསལ་གྱི་སྣང་ཚུལ་འགའ་ཤས་ཞིག་ཡོད་རེད། ད་དེང་སང་གསར་བསྒྱུར་གྱི་དཔེ་དེབ་རང་བྱུང་ཁམས་ཀྱི་ངོ་མཚར་བའི་གསང་བ་ཟེར་བ་ཞིག་ཡོད་པཱ། དེ་ཚོའི་ནང་ལ་སྤྱིར་ལྗོན་ཤིང་ལ་སོགས་པ་སེམས་མེད་ཡིན་རྒྱུ་དང་། དེ་ལ་འགུལ་སྐྱོད་ཟེར་ནའ་འདྲ། རྐྱང་སྐུམ་དེ་འདྲ་མེད་པ་དེ་ང་ཚོའི་རྒྱུན་མཐོང་ངམ། གཤིས་གྲུབ་དེ་འདྲ་རེད། ཡིན་ནའང་། འཇིག་རྟེན་ཁམས་ཀྱི་ཤིང་སྡོང་ལ་ཤས་ཀསྱི་ཡལ་གའི་བར་དུ་མི་ལ་སོགས་པ་བཙིར་ནས་ཁྲག་ཡོངས་སུ་འཇིབ་འགྲོ་མཁན་ལྟ་བུ་དང་། མེ་ཏོག་ལ་ཤས་ཞིག་གི་ཁྲོད་འབུ་ཞུགས་སོང་དུས། དེའི་འཆེ་བ་དང་སོ་ལྟ་བུ་ཞིག་སྟོན་པའི་སྒོ་ནས། འབུ་དེའི་ཤ་ཁྲག་འཇིབ་ནས་ཤི་ཟིན་པའི་རྗེས་སུ་མར་གློད་ཡོང་རྒྱུ་འདྲ་འདྲ། དེ་མིན་བར་སྣང་ཁམས་ནས་ཅི་ཡིན་མི་ཤེས་པའི་དངོས་པོ་ཡ་མཚར་བ་དེ་འཕུར་སྐྱོད་བྱེད་བཞིན་ཡོད་པ་ལྟ་བུ་དེ་འདྲ། ད་སྔོན་མཚན་ཉིད་རིག་པ་དང་། ཚན་རིག་ལ་སོགས་པས་བརྟག་ཐབས་སམ། བརྟག་མ་ཐུབ་པའི་སྣང་ཚུལ་ཁ་ཤས་ཡོད་པ་རེད། དེ་ག་དང་ཕྱོགས་མཚུངས་པར་འཇིག་རྟེན་ན་དངོས་པོ་བསམ་གྱིས་མི་ཁྱབ་པ་ཡོད་རེད། དེ་ལ་མཚན་ཉིད་རིག་པ་ཐམས་ཅད་ཀྱིས་ཇི་ལྟར་འགྲེལ་བརྗོད་བྱེད་དགོས་ས་རེད་བསམ་ན། སྤྱིར་མི་མངོན་པའི་དངོས་པོ་ཟེར་བ་ཞིག་ཡོད་རེད་པ། དེང་སང་དངོས་ཁམས་རིག་པ་བ་ཐམས་ཅད་ཀྱིས་བཤད་དུས་ག་རེ་རེད་ཟེར་ན། འཇིག་རྟེན་སྟེང་གི་དངོས་པོའི་རྒྱ་ཆ་བདུན་བཅུ་ལྷག་ཙམ་དེ་མི་མངོན་པའི་དངོས་པོ་རེད་ཟེར། དེ་ལས་རྒྱ་ཆ་ཉི་ཤུ་ཡས་མས་ཞིག་ལྐོག་གྱུར་གྱི་དངོས་པོ་རེད་ཟེར། དེ་ལས་རྒྱ་ཆ་བཅུ་ཟིན་མིན་ཙམ་ཞིག་ཚུལ་མཐོང་གི་རགས་པ་ཉི་ཟླ་གཟའ་སྐར་དང་། ཕྲ་བ་རྡུལ་ཕྲན་ལ་སོགས་པ་ཚུལ་མཐོང་གི་དངོས་པོ་འདི་དག་རེད་ཅེས་བཤད་ཀྱི་ཡོད་པ་རེད། དེ་ཡིན་དུས་ང་ཚོའི་མི་མངོན་པའི་དངོས་པོ་དེ་དག་གི་ཁྲོད་ན་རྫས་ཀྱིནུས་པ་ཟེར་ན་འདྲ། རྫས་ཀྱི་སྣང་ཚུལ་སྣ་ཚོགས་ཤིག་ཡོད་པ་རེད། དེ་ཚོ་དེ་ནམ་རྒྱུན་ཕན་ཚུན་འབྲེལ་འདྲེས་དང་། ཐུག་རེག་དང་། བརྡབ་བསེག་དེ་བར་མ་ཆད་པར་བྱུང་འདུག་གི་ཡོད་རེད། རྐྱེན་དེ་དག་ལ་བརྟེན་ནས་སྐབས་རེར་སྐབས་རེར། མི་དགའ་ཤས་མར་ཤི་ཟིན་པའི་རྗེས་སུ། སླར་སྲོག་ལྡན་ཉིད་དུ་འགྱུར་བའི་སྣང་ཚུལ་དང་། མི་འགའ་ཤས་ལ་རང་གི་ཚེ་རབ་སྔ་མ་ལུས་ཡིན་སྙམ་པའི་དྲན་ཚུལ་དེ་འདྲ་ཡོད་རྒྱུ་འདྲ་དང་། དེ་འདྲའི་སྣང་ཚུལ་འགའ་ཤས་ཤིག་ཡོང་གི་ཡོད་རེད། དེ་ད་རུང་། ཅུང་ཟད་བརྟག་ཞིབ་བྱེད་དགོས་པའི་ཆ་ཞིག་རེད། ཧོབ་ཏུ་ལྟས་པ་ཡིན་ན། མིའི་ཀླད་པའི་ནང་དུ་དྲན་འཛིན་གྱི་ནུས་པ་ཟེར་བ་ཞིག་ཡོད་རེད། དེ་རྫས་འགྱུར་གྱི་གྲུབ་ཆ་ཞིག་དང་། དངོས་པོ་ཆེས་ཕྲ་བ་ཞིག་གི་འཕོ་འགྱུར་གྱི་ཆ་ཞིག་རེད། དཔེར་ན་ང་ཚོ། ཆུང་བྱིས་པའི་དུས་སུ་བྱ་བ་བྱས་བཞག་པ་དག་མི་ཡིད་འཛིན་ཆེ་ཤོས་དག་གིས་རྒས་མ་སོང་གི་བར་དུ་གཏན་ནས་རྗེད་ཀྱི་ཡོད་པ་མ་རེད་པཱ།

དེའི་རྫས་ཀྱི་ནུས་སྟོབས་ཡོངས་སུ་རྫོགས་པ་དེ། ཀླད་པའི་ནང་དུ་རེ་རེ་བཞིན་ཡོད་རེད། དེ་འདྲའི་རྫས་ནུས་དེ། མི་མངོན་པའི་བེམ་པོའི་ནུས་པ་ཕན་ཚུན་འདྲེས་སྟོབས་ཤིག་ལ་བརྟེན་ནས་མི་ཕྱི་མའི་ཀླད་ཁམས་ཀྱི་ནང་གི་ནུས་པའམ། འཕོ་འགྱུར་དང་། བརྗེ་བསྒྱུར་བྱུང་བའི་སྟེང་ནས། སྔ་མའི་བྱུང་ཚུལ་དེ་ཚོ་དྲན་འདུག་པ་ཨེ་ཡིན་བསམ་བསམ་རེད། ལྷ་འདྲེའི་སྐོར་དག་དངོས་གཙོ་རིག་པའི་ནང་དུ་ཧ་ཅང་གསལ་པོ་རེད། ལྷ་འདྲེ་ཟེར་བ་དེ་ཐོག་མར་ཇི་ལྟར་བྱུང་བ་རེད་ཟེར་ན། གནའ་དང་མ། མི་རྣམས་བློ་གྲོས་མ་སྨིན་ཤིང་། ན་ཚོད་མ་རྒྱས་པའི་དུས་སྐབས་སུ་རང་བྱུང་ཁམས་ལ་ཆ་རྒྱུས་ཆེན་པོ་ཡོད་རེད། ཆ་རྒྱུས་མེད་དུས་རང་བྱུང་ཁམས་ཀྱི་སྣང་ཚུལ་འཇིགས་སུ་རུང་བ་མཐའ་དག་ལ་ངོས་འཛིན་ཟབ་མོ་ཞིག་བྱེད་མ་ཤེས་ནས། ཕྱི་རོལ་ན་དེ་འདྲའི་རང་བྱུང་ཁམས་ཀྱི་འཇིགས་སུ་རུང་བའི་སྣང་ཚུལ་དེ་དག་མངོན་སྟོན་བྱེད་པའི་སྲོག་ལྡན་ཞིག་ཡོད་པར་བཟུང་ནས་དེ་ལ་ཕན་འདོག་ཀྱི་རེ་བའི་སྒོ་ནས་ལྷ་རུ་བཀུར་རྒྱུ་དང་། གནོད་སེམས་ལ་སྡང་ཞུག་ཀྱི་སྒོ་ནས་འདྲེ་རུ་འཛིན་རྒྱུ། ད། ལྷར་སྣང་འདྲེར་སྣང་གི་རྟོགས་པ་དེ་འདྲ་དེ་བྱུང་བ་རེད། དཔེར་ན། རང་བྱུང་གི་རི་འདྲ་འདྲ་དང་། ཆུ་འདྲ་འདྲ། བྲག་འདྲ་འདྲ། ཤིང་འདྲ་འདྲ་དེ་ཚོར་གཟུགས་དབྱིབས་དམིགས་གསལ་བ་ཡོད་ཚད་ལྷ་རུ་བཏགས་འདྲེ་རུ་བཏགས། བཙན་མ་མོ་ཐེའུ་རིང་ལ་སོགས་པར་བཏགས་པའི་སྒོ་ནས་དེ་དག་ལ། ཕོག་ཐུག་འདྲ་བཏང་བ་ཡིན་ན། རང་ལ་དམིགས་གསལ་གྱི་ཕན་གནོད་དེ་འདྲ་འབྱུང་གི་འདུག་བསམ་བཞིན་ཡོད་པ་རེད། དེ་འབྱུང་རྒྱུ་ཡང་ཡོད་རེད། སྤྱིར་ང་ཚོ་དེང་སང་དངོས་གཙོ་རིག་པའི་ནང་ནས། འགྲེལ་བ་དང་ལྡོག་འགྲེལ་ཟེར་བ་ཞིག་བཤད་ཡོད་པཱ། འགྲེལ་བ་དང་ལྡོག་འགྲེལ་གྱི་ཆ་ཡོངས་སུ་རྫོགས་པ་དེ། མི་མངོན་པའི་ནུས་པའི་སྟེང་ནས་བཤད་པ་རེད། མི་དང་ཁོར་ཡུག་གི་བར་ལ་དམིགས་གསལ་གྱི་ནུས་པ་ཞིག་ཡོད་དུས། ནུས་པ་དེ་ལ་གཏོར་སྐྱོན་འདྲ་ཐེབས་པའམ། ཁོར་ཡུག་ལ་གཏོར་བརླག་ཤིང་གཅོད་རྒྱུ་དང་། ཆུ་དཀྲུགས་རྒྱུ། ཡང་ན་ས་རྐེ་དང་རྡོ་མཆུ་ལ་སོགས་པ་གཅོག་རྒྱུ། དཔེར་ན། སྔོན་ཆད་གང་འདྲ་བྱུང་བ་རེད་ཟེར་ན། ཕྱི་གླིང་གི་ཡུལ་ནས། རྡོ་ཕ་བོང་ཞིག་རྐོ་ འདོན་བྱས་དུས། མི་གསུམ་ཀ་དེ་ག་རང་ན་ཤི་སོང་བ་རེད། ད། ལྷ་ཡོད་སྨྲ་བ་ཐམས་ཅད་ཀྱིས་ལྟས་པ་ཡིན་ན། རྡོ་ཕ་བོང་དེ་ལ་ལྷ་འདྲེའི་གནས་པ་ཡོད་པས་མི་གསུམ་ཀ་ཟོས་སོང་རེད་ཅེས་དེ་འདྲའི་འགྲེལ་བཤད་རྒྱག་པ་རེད། ཡིན་ནའང་ཚན་རིག་པ་ཐམས་ཅད་ཀྱིས་དེའི་རྗེས་སུ་རབ་ཏུ་བརྟག་ཡོང་དུས། རྡོ་ཕ་བོང་དེའི་ཞབས་སམ་དཀྱིལ་སྙིང་གི་ཆ་དེ་ན། རང་བཞིན་ལྷན་སྐྱེས་ཀྱི་དུག་རླངས་ཀྱི་ནུས་པ་ཞིག་ཡོད་པ་དེ་ཁྱབ་འགྱེད་བྱུང་ནས། མི་གསུམ་པོར་དུག་རླངས་ཐོག་ཏེ་ཤི་སོང་བ་རེད་ཟེར་བ་དེ་འདྲ་འདུག་པཱ། ཞི་བདེ་རྒྱ་མཚོ་ཆེན་མོའི་འབྲེལ་མཚམས་ལ་ཡིན་ན་བར་སྣང་ཁམས་ནས་གནམ་གྲུ་འཕུར་ནའང་དེ་མ་ཐག་ཏུ་མར་ཟག་པའང། འཐོར་འགྲོ་བྱེད་དང་། གྲུ་གཟིངས་སོང་ནའང་ཁྱུར་མིད་བྱེད་འགྲོ་བྱེད་ཀྱི་དམིགས་གསལ་གྱི་ས་གནས་ངེས་ཅན་ཞིག་ཡོད་རེད། དེ་ལའང་ཚན་རིག་པ་མང་པོ་ཞིག་གིས་རྟོགས་ཞིབ་མང་པོ་བྱས་དུས། ནམ་མཁའི་ཉི་མའི་ཡོད་དང་། རྒྱ་མཚོའི་སྟེང་ལ་ཡོད་པའི་རྡུལ་གྱི་འདུས་ཚད་འདྲ་བོ་དེ། ངས་ད་ལྟ་གོང་ནས་བཤད་པ་བཞིན། ནག་ཁོངས་ཀྱི་ནང་དུ་སྐར་མ་ག་འདྲ་སོང་ནའང་དེ་མ་ཐག་ཏུ་འཐག་འགྲོ་བའི་རང་བྱུང་རྫས་ཀྱི་ནུས་པ་ཡོད་འདུག་པ་དེ་ཚོ་དང་མཚུངས་པར། ནུས་པའི་ཚད་དེ་ཧ་ཅང་ཚད་མཐོན་པོ་ཞིག་ལ་ཐོན་ཚར་དུས། ཕྱི་རང་བྱུང་ཁམས་ཀྱི་འགྱུར་བའམ། རྣམ་པ་དེ་དམིགས་གསལ་ཚད་མཐོན་པོ་ཞིག་ལ་ཐོན་སྡད་དུས། ད། གྲུ་གཟིགས་དང་འཕུར་གྲུ་ག་རེ་སོང་བ་ཡིན་ནའང་འགའ་འཐོར་དུ་གཏོང་འགྲོ་བྱེད་ཀྱི་ནུས་ཤུགས་དེ་འདྲ་ཡོད་སྡད་པ་རེད། དེ་འདྲའི་སྣང་ཚུལ་དེ་ལ་དང་མ་མི་རྣམས་ཀྱིས་འགྲེལ་བརྗོད་དང་། ངོས་ཛིན་གསལ་བོ་ཞིག་མ་ཐུབ་ནས། དེ་སྲོག་ལྡན་གྱི་ལྷ་དང་། འདྲེ་འདྲ་ཞིག་གི་བདག་གཟུང་ངམ། ཆོ་འཕྲུལ་སྟོན་འདུག་པ་ཨེ་མིན་ཡིན་སྙམ་པའི་སྒོ་ནས་ལྷ་འདྲེའི་རྟོགས་པའམ་འདུས་ཤེས་དེ་ཆག་སྡད་པ་རེེད། རྗེས་མ་དབང་སྒྱུར་གྲལ་རིམ་གྱི་དུས་སུ་ཡིན་ན་ལྷ་རིག་སྨྲ་བ་ཐམས་ཅད་ཀྱིས་ལྷ་འདྲེ་ཡོད་པ་དེ་ལྷ་བརྟེན་ནས་མི་རྣམས་ལ་འཇིགས་སྣང་བསྐུར་རྒྱུ་དང་། དབང་དུ་བསྒྱུར་རྒྱུའི་ཆེད་དུ་དགོས་མཁོ་བྱུང་བ་རེད། དཔེར་ན། ཆོས་ལུགས་རིག་པའི་ལྟ་བ་ལྟ་བུ་ཞིག་ཁྱབ་སྒྲོག་བྱེད་དགོས་ན། ལྷ་འདྲེའི་རྣམ་གཞག་དེ་ཐོག་མར་བཤད་དགོས་པ་རེད། དགོས་རྐྱེན་གང་རེད་ཟེར་ན། ལྷ་ལ་དད་སེམས་དེ་ཡོད་ན། དད་སེམས་དེ་བེད་སྤྱད་པའི་སྒོ་ནས་མི་རྣམས་དབང་བསྒྱུར་བྱས་ཏེ། རང་གི་འདོད་གཞེད་དེ་འགྲུབ་ཐབས་བྱེད་རྒྱུ་དེ་ལས་སླ་བོ་རེད། དེར་མཚུངས། འདྲེ་ལ་དངང་སྐྲག་ཡོད་པ་ཡིན་ན། དེ་ལ་བརྟེན་ནས་མིའི་ཚུལ་མིན་གྱི་བྱ་བ་མང་པོ་ཞིག་འགོག་ཐུབ་པ་རེད། དེ་ལ་བརྟེན་ནས་རང་གི་བསམ་དོན་དེ་འགྲུབ་ཀྱི་ཡོད་པ་རེད། དེ་ཚོ་རྒྱབ་མ་སོ་སོའི་རང་གི་འདོད་གཞེད་སྒྲུབ་པའི་ཆེད་དུ་བེད་སྤྱོད་མང་པོ་བྱས་ནས་བྱུང་བ་རེད། ཐོག་མའི་དུས་སུ་ལྷ་འདྲེ་ཟེར་བ་དེ་འབྱུང་ཁུངས་ཀྱི་སྐོར་ནས་དེ་འདྲ་བཤད་ཡོད་པ་རེད།

དྲི་བ། མཚན་ཉིད་རིག་པ་སྲོལ་གཏོད་པའི་ལོ་དུས་དང་། དེའི་འཕེལ་འགྲིབ་ཇི་ལྟར་བྱུང་བའི་སྐོར་ནས་མདོ་ཙམ་བཤད་རོགས།

ལན། འོ་རེད་རེད། ད་མཚན་ཉིད་རིག་པ་ཟེར་བ་འདི་ངས་ད་ལྟ་གོང་ནས་བཤད་པ་ལྟར། ལོ་རྒྱུས་ཀྱི་དུས་ཡུན་ཧ་ཅང་རིང་པོ་རེད། གནའ་རབས་ཀེ་རི་སིའི་ཤེས་རིག་དར་རྒྱས་ཀྱིས་དུས་སྐབས་དེ། འདི་ནས་ཡར་རྩིས་པའི་མི་ལོ་ཉིས་སྟོང་དྲུག་བརྒྱ་དང་བདུན་བརྒྱ་ལྷག་ཙམ་གྱི་གོང་ནས་་རེད། སྐབས་དེ་དུས་ནས་བཟུང་སྟེ། དངོས་གཙོ་དང་སེམས་གཙོ་གཉིས་ཀའི་འདོད་ཕྱོགས་སམ། མཚན་ཉིད་རིག་པའི་གཞི་རྩའི་ལྟ་གྲུ་དེ་དག་ཡོད་རེད། དེ་ནས་འགོ་ཚུགས་ཏེ་ད་ལ་ཐུག་གི་བར་དུ་བཤད་ན་དུས་ཡུན་ཧ་ཅང་རིང་པོ་རེད། སྐབས་དེ་དག་གི་ཁྲོད་དུ། དཔེར་ན། སེམས་གཙོ་རིག་པའི་ལུགས་དེ་ཐོག་མའི་སྲོལ་འབྱེད་པ་དེ་ཕོ་ལ་ཐོ་ཟེར་བའི་གནའ་རབས་ཀེ་རི་སའི་སོ་ཁུ་ར་ཐེའི་སློབ་མ་རེད། ཚ་བ་མདའ་སྨྱུག་གི་ལོག་རྟོག་སྙིང་སྟོབས་ནང་དུའང་དེ་བཞིན་བཤད་ཡོད་རེད། ཡང་འགའ་ཤས་ཀྱིས་དེ་ལ་ལན་རྒྱག་རྒྱུ་མ་རྙེད་ནས། དེའི་གོང་དུ་སེམས་གཙོ་རིག་པའི་ལྟ་གྲུབ་ཡོད་པར་བཤད་པ་རེད།

སྤྱི་སེམས་གཙོ་སྨྲ་བ་ཡོད་པ་ཙམ་གྱིས་ཕོ་ལ་ཐོ་དེ་སེམས་གཙོ་རིག་པའི་སྲོལ་འབྱེད་པ་ལ་བཞག་ན་སྐྱོན་ཆ་རྩ་བ་ནས་ཡོད་མ་རེད། གང་རེད་ཟེར་ན། ང་ཚོ་དབུ་མའི་ནང་ནས་དེ་འདྲ་རེད། དབུ་མའི་གྲུབ་མཐའ་དེ་ལ་དབུ་མ་ཐལ་འགྱུར་པ་དང་། རང་རྒྱུད་པ་ཟེར་བ་གཉིས་ཡོད་རེད་པཱ། དེའི་ནང་ནས་ཐལ་འགྱུར་རིག་པའི་སྲོལ་ལམ། ཐལ་འགྱུར་རིག་པའི་རྣམ་གཞག་དེ་ཐོག་མར་བཤད་ཡོང་མཁན་དེ་སློབ་དཔོན་སངས་རྒྱས་ཀྱང་ཟེར་བ་དེ་རེད། ཡིན་ནའང་ཐལ་འགྱུར་རིག་པའི་གཞན་ལུགས་དགག་པ་དང་། རང་ལུགས་བཞག་པ། རྩོད་པ་སྤོངས་བ་སོགས་དགག་བཞག་སྤོང་གསུམ་གྱི་སྒོ་ནས་རྒྱ་ཆེར་བཤད་ཡོང་མཁན་དེ་དཔལ་ལྡན་ཟླ་བ་གྲགས་པ་ཡིན་པའི་རྐྱེན་གྱིས་ཐལ་འགྱུར་ཤིང་རྟའི་སྲོལ་འབྱེད་པ་ཁོང་ཡིན་ཟེར་གྱི་ཡོད་པ་རེད། དཔེ་དེ་དང་མཚུངས་པར། ཕོ་ལ་ཐོའི་ཡར་སྔོན་དུ་སེམས་གཙོ་སྨྲ་མཁན་ཙམ་རེ་ཡོད་ནའང་། སེམས་གཙོ་སྨྲ་བའི་འདོད་ལུགས་རྩལ་དུ་བཏོན་ནས་བཤད་མཁན་དེ་ཕོ་ལ་ཐོ་ཡིན་པའི་རྒྱུ་མཚན་གྱིས་ཕོ་ལ་ཐོ་དེ་གནའ་རབས་སེམས་གཙོ་རིག་པའི་སྲོོལ་འབྱེད་རེད་ཅེས་བཤད་པ་རེད་ལ་དེར་མ་འགྲིག་པ་གང་ཡང་ཡོད་མ་རེད། དངོས་གཙོ་རིག་པ་འདྲ་ཡིན་ན་གནའ་རབས་ཀེ་རིའི་སེའི་དུས་སུ་ཡིན་ན་ངས་ད་ལྟ་ཟེར་རྒྱུ་དེ་རེད། ཏེ་མོ་ཁུ་ལེ་ཐུ་ལ་སོགས་པ་རེད། རྩོད་སྒྲུབ་དངོས་གཙོ་རིག་པ་འདྲ་ཡིན་ན། ད། དུས་རབས་པའི་ནང་ནས་མར་ཁེ་སི་དང་ཨེན་ཀི་སའི་ལ་སོགས་པ་ལ་བརྟེན་ནས་བྱུང་བ་རེད། དེ་ཡིན་དུས། འདི་ནས་གསལ་ཁ་བྱེད་དགོས་པ་ཞིག་གང་རེད་ཟེར་ན། ངས་གོང་དུའང་ཅུང་ཟད་བཤད་ཡོད་དེ་ཡང་སྐྱར་ཅུང་ཙམ་མ་བཤད་ན་ཕལ་མོ་ཆེར་གོ་བརྡ་ཡག་པོ་ཞིག་འཕྲོད་ཀྱི་ཡོད་ས་མ་རེད། དེ་ཡིན་དུས། མར་ཁེ་སི་དང་ཨེན་ཀི་སི་ལེ་ཉིན་ལ་སོགས་པས་བཤད་བཞག་པ་དེ་ཡིན་ན་དངོས་གཙོ་རྩོད་སྒྲུབ་རིག་པའི་འདོད་གཞེད་རྐྱང་པ་ཡིན་པའི་ངེས་པ་ཡོད་མ་རེད། དེར་མཚུངས་དངོས་གཙོ་རྩོད་སྒྲུབ་རིག་པའི་འདོད་གཞེད་ཡིན་ན་ཡང་མར་ཁེ་སི་དང་།ཨེན་ཀི་སི། ལེ་ཉིན་ལ་སོགས་པས་བཤད་བཞག་པ་ཁོ་ན་ཡིན་དགོས་པའི་ངེས་པ་ཡོད་མ་རེད། ག་རེ་རེད་ཟེར་ན། ད་ལྟ་ངས་གོང་ནས་བཤད་པ་ནང་བཞིན་དུ། དངོས་གཙོ་རྩོད་སྒྲུབ་རིག་པའི་རྐང་འཛིན་པ་ཐམས་ཅད་ཀྱིས་དངོས་གཙོ་རྩོད་སྒྲུབ་རིག་པ་ཟེར་བ་དེ། དུས་ལ་བསྟུན་པའང་། སྔོན་ཐོན་གྱི་རིག་བཅུད་ཡོངས་སུ་རྫོགས་པའི་རིག་པ་དེ་ཕྱོགས་བསྡུས་བྱས་ནས་མར་གསར་སྤེལ་དང་། གསར་རྒྱས་སུ་གཏོང་བཞིན་འགྲོ་བཞིན་པའི་རིག་པའི་གཞུང་ལུགས་ཤིག་རེད་མ་གཏོགས། གནའ་མི་གཅིག་གིས་བཤད་བཞག་པ་དེ་ཁོ་ན་འཁྲེག་འཛིན་བྱས་ནས། གནས་མལ་གཅིག་ཏུ་སྡོད་འདུག་མཁན་གྱི་རིག་གཞུང་ཞིག་མ་རེད། དེའི་རྐྱེན་གྱིས་གལ་ཏེ་མར་ལེ་རིང་ལུགས་ཀྱི་འདོད་དགོང་དག་ལ་ཅུང་ཟད་སྐྱོན་ཆ་རེ་ཡོད་ཡོད་སྲིད་ནའང་། དེའི་དངོས་གཙོ་རྩོད་སྒྲུབ་རིག་པའི་རིག་པ་ཡོངས་རྫོགས་དེ་སྐྱོན་ཆ་ཅན་འདུ་འདོད་པ་ནི་མ་རྩ་ནས་ལོག་རྟོག་གམ་ནོར་འཁྲུལ་ཤིག་རེད།

དངོས་གཙོ་རྩོད་སྒྲུབ་རིག་པའི་འདོད་དགོང་ཀྱི་གཞི་རྩའི་ཆ་དེ་ཐུན་མོང་དུ་གྲུབ་ཡོད་པ་རེད་མ་གཏོགས་བྱ་བྲག་ཏུ་དངོས་གཙོ་རྩོད་སྒྲུབ་སྨྲ་མཁན་གྱི་མི་རང་རང་ལ་ཐུན་མིན་གྱི་ཁྱད་ཆོས་རེ་ཡོད་པ་རེད། དེང་སང་གསར་དུ་བྱུང་བའི་དེ་རང་ཁར་ཙང་གི་དངོས་གཙོ་རིང་ལུགས་པ་ཐམས་ཅད་ཀྱིས་མར་ཁེ་སའི་ལེ་ཉིན་སོགས་ཀྱི་དུས་སྐབས་ནས་མ་བྱུང་བའི་གསར་མཐོང་གི་ཆ་མང་པོ་བསྡུ་ལེན་བྱས་ཏེ་དངོས་གཙོ་རིག་པའི་གྲུབ་མཐའ་ལ་ཁ་གསབ་བམ། དར་རྒྱས་བཏང་ནས་བཤད་མཁན་ཡོད་རེད། དེའི་རྒྱུ་མཚན་གྱིས་དངོས་གཙོ་རྩོད་སྒྲུབ་རིག་པ་དེ་ཐོག་མར་སྲོལ་འབྱེད་མཁན་ལྟ་བུ་དེ་མར་ཁི་སི་དང་ཨེན་ཀི་སི་ལ་སོགས་པ་ཡིན་ནའང་། དངོས་གཙོ་རྩོད་སྒྲུབ་རིག་པ་ཡིན་ན་མཐའ་གཅིག་ཏུ་དེ་དག་ཁོ་ན་ཙམ་ཡིན་པར་སྙམ་པ་དེ་ནོར་འཁྲུལ་རེད་ཟེར་རྒྱུ་དེ་ཡིན།

དྲི་བ། ཀླད་ཆེན་དང་། རྣམ་ཤེས་གཉིས་གཅིག་གམ་མི་གཅིག གལ་ཏེ་མི་གཅིག་ན་དངོས་གཙོ་རྩོད་སྒྲུབ་རིག་པ་སྨྲ་བ་ཁ་ཤས་ཀྱིས་ཀླད་ཆེ་ལས་ལོགས་སུ་གྱུར་པའི་རྣམ་ཤེས་ཤིག་མེད་པར་འདོད་མོད། འོ་ན་དེ་དག་ལ་འབྲེལ་བརྗོད་ཇི་ལྟར་བྱེད།

ལན། ཀླད་ཆེན་དང་རྣམ་ཤེས་གཅིག་གམ་མི་གཅིག་ཟེར་བ་དེ་མ་རྩ་ནས་བཤད་འདུག་དགོས་ཀྱི་ཡོད་པ་མ་རེེད། ངས་ད་ལྟ་གོང་ནས་བཤད་ཡོད། དངོས་གཙོ་རྩོད་སྒྲུབ་རིག་པ་ཞིག་ཡིན་ནས་བཟུང་སྟེ། རྣམ་ཤེས་སམ་སེམས་ཟེར་བ་དེ་ཀླད་ཆེན་གྱི་འགུལ་སྐྱོད་དམ། ཕྱི་རོལ་ཡུལ་གྱི་དབང་ཤེེས་རྒྱུད་པའི་སྒོ་ནས་ཚུལ་སྣང་ཙམ་མ་གཏོགས་ཀླད་ཆེན་ལས་ལོགས་སུ་གྱུར་པའི་རྣམ་ཤེས་ཟེར་བ། ཚུགས་ཐུབ་རང་རྐྱ་ཕེར་བའི་ཆོས་ཁ་ཁ་ཞིག་ཡོད་པར་ཡེ་ནས་འདོད་ཀྱི་ཡོད་པ་མ་རེད། དེ་མི་འདོད་པའི་རྒྱུ་མཚན་གོང་ནས་བཤད་ཡོད་བསམ་བསམ་འདྲ་ཡིན།

དྲི་བ། ཁ་ཤས་ཀྱིས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ནང་དུ་དངོས་གཙོ་སྨྲ་བ་སོགས་ཀྱི་འདོད་དགོངས་སམ་དེའི་ལྟ་གྲུབ་དེ་ཆ་ཚང་བཤད་ཡོད་པར་སྨྲ་ཡི་འདུག དེེར་ཁྱེད་ཀྱིས་ལྟ་ཚུལ་གང་འདྲ་ཡོད། དོན་ངོ་མར་ནང་པ་སངས་རྒྱས་པའི་ཆོས་ལུགས་རིག་པའི་ནང་དུ་དེ་འདྲ་ཞིག་བསྟན་ཡོད་པ་རེད་དམ་མ་རེད།

ལན། སངས་རྒྱས་ཆོས་ལུགས་ཀྱི་ནང་དུ་དངོས་གཙོ་རིག་པའི་ལྟ་གྲུབ་ཀྱི་འདོད་ལུགས་དེ་འདྲ་ཞིག་གཏན་ནས་ཡོད་མ་རེད། རྒྱུ་མཚན་ནི། དངོས་གཙོ་ཡིན་མིན་དེ། གཅིག འཇིག་རྟེན་གྱི་འབྱུང་རྒྱུ་མཐར་ཐུགས་པ་དེ་དངོས་པོ་ཡིན་པར་འདོད་པ་དང་། གཉིས། རྣམ་ཤེས་ནི་དངོས་པོ་འཕེལ་བའི་དུས་རིམ་ངེས་ཅན་ཞིག་ནས་དངོས་པོ་ལ་བརྟེན་ནས་གསར་དུ་བྱུང་བར་འདོད་པ་དང་། གསུམ། རྣམ་ཤེས་ཟེར་བ་དེ་ཀླད་ཆེན་ལ་སོགས་བེམ་རེག་ཀྱི་དངོས་པོའི་འགུལ་སྐྱོད་ནང་སྣང་ཚུལ་ཙམ་ལས་ལོགས་སུ་མེད་པར་འདོད་པ་རེད། འདོད་ལུགས་དེ་གསུམ་ཚང་ན་དངོས་གཙོ་རིག་པའི་ལྟ་གྲུབ་ཚང་བ་རེད་ལ། དེ་གསུམ་མ་ཚང་ན་དངོས་གཙོ་རེད་ཅེས་བཤད་སར་འགྲོ་བ་མ་རེད།

དྲི་བ། བོད་དུ་དངོས་གཙོ་སྨྲ་བའི་གྲུབ་མཐའ་འམ། རིག་པ་དེ་འདྲ་ཡོད་རེད་དམ་མ་རེད།

ཡོད་ན་གང་ལ་ངོས་འཛིན་དགོས།

ལན། སྤྱིར་ང་ཚོ་བོད་ཡུལ་ན་ཆོས་ལུགས་ཙམ་མ་གཏོགས་དེ་ལས་གཞན་མཚན་ཉིད་རིག་པ་དང་། ཚན་རིག་ལྟ་བུ་ཤས་ཆེར་དར་མྱོང་མ་རེད། མིའི་འཚོ་བའི་བྱ་བྱེད་ཀྱི་ཁྱབ་ཁུང་ངམ། འདུ་ཤེས་ཀྱི་ངོས་ན་མཚན་ཉིད་རིག་པའི་དགོང་བཞེད་དང་ཕྱོགས་མཐུན་པ་དང་། ཚན་རིག་གི་དགོང་དོན་དང་ཕྱོགས་མཐུན་པའི་འགའ་ཤས་འགའ་ཡོད་རེད། ཡིན་ནའང་། གཞུང་ལུགས་ཆ་ཚང་མིན་གྱི་དབང་དུ་བྱས་བཞག་ན། མཚན་ཉིད་རིག་པའི་གཞུང་ལུགས་ཆ་ཚང་དང། ཚན་རིག་གི་གཞུང་ལུགས་ཆ་ཚང་དེ་འདྲ་དར་མྱོང་མ་རེད། དེའི་རྐྱེན་གྱིས་ང་ཚོ་བོད་ལ་ཆ་མཚོན་ན་མཚན་ཉིད་རིག་པའི་གཞུང་ལུགས་དང་། དེ་ལས་དངོས་གཙོ་རྩོད་སྒྲུབ་རིག་པའི་ལྟ་དགོང་དེ་འདྲ་དེ་ཡོད་མ་རེད།

ང་ཚོ་བོད་ལ་ལྷ་ཆོས་རིག་གནས་ཙམ་གཏོགས་མི་ཆོས་རིག་གནས་ཟེར་བ་དེ། ཚད་ཁེལ་བ་ཞིག་དང་། ཚུགས་ཐུབ་པ་ཞིག རྣམ་པར་དག་པ་ཞིག འཐུས་སྒོ་ཚང་བ་ཞིག་དེ་འདྲ་ཡོད་མ་རེད། དེའི་རྐྱེན་གྱིས་ང་ཚོའི་རིག་གནས་ཡོངས་རྫོགས་དེ་ལྷ་ཆོས་རིག་པ་ཙམ་གྱི་སྟེང་ནས་བཤད་པའམ། ལྷ་ཆོས་རིག་གནས་དེ་ངོ་བོ་ཆིག་རྐྱང་གི་སྟེང་ནས་བཤད་རྒྱུ་མ་གཏོགས་ཡོད་མ་རེད།

དྲི་བ། བོད་པའི་གཙོ་རྒྱུག་རིག་གནས་དངོས་གཙོ་ཡིན་ནམ་སེམས་གཙོ་ཡིན། དངོས་གཙོ་སྨྲ་བ་དང་། སངས་རྒྱས་ཆོས་ལུགས་གཉིས་ཀྱི་བར་སྣོད་བཅུད་གཉིས་ལ་འགྲེལ་བཤད་རྒྱག་སྟངས་ཐད་འགལ་འབྲེལ་ཇི་ལྟར་ཡིན་པའི་སྐོར་ནས་ཅུང་ཙམ་གསུངས་རོགས།

ལན། བཙན་པོའི་རྒྱལ་རབས་སྔ་མ་རྣམས་ཀྱི་དུས་སུ་དར་འཕེལ་དང་། ལག་སྟར་བྱས་པའི་སྲིད་པ་བོན་གྱི་རིག་གནས་འདྲ་ཡིན་ན། གཞི་རྩའི་ཆ་ནས་ཆོས་ལུགས་རིག་གནས་སམ། ལྷ་ཆོས་རིག་གནས་དེ་འདྲ་ཞིག་རེད། དེ་ཡང་སྙིང་དངོས་གཙོ་དང་སེམས་གཙོ་གང་དུ་འགྲོ་མིན་ཞིབ་འཇུག་ཚད་ལྡན་དེ་འདྲ་གང་ཡང་མ་མྱོང་ནའང་། གཞི་རྩའི་ཆ་ནས་ཆོས་ལུགས་རིག་གནས་ཤིག་ཡིན་པའི་ངོས་ནས། དེའི་ནང་དུ། གྲོལ་བ་དང་། འཁྲུལ་བའི་རྣམ་གཞག་གམ། ཕྱི་མ་དང་ད་གང་གི་རྣམ་གཞག ཡང་ན། འཁོར་བ་དང་ཐར་པའི་རྣམ་གཞག་ཡོད་པ་ལ་བལྟས་པ་ཡིན་ན་ངེས་པར་དུ། སེམས་གཙོའི་ཕྱོགས་སུ་འགྲོ་བ་དེ་འདྲ་ཞིག་རེད་བསམ་གྱི་འདུག སྤྱིར་ཡིན་ན། ཆོས་ལུགས་འདི་དག་དངོས་གཙོ་དང་སེམས་གཙོ་གང་རེད་ཅེས་བཤད་ཀྱི་ཡོད་པ་མ་རེད། དེང་སང་འགའ་ཤས་ཀྱིས་བོད་པའི་ནང་བསྟན་ཆོས་ལུགས་ལྟ་བུ་དེ་དངོས་གཙོ་རིག་པའི་ཁོངས་གཏོག་རེད་ཟེར་བ་དང་། འགའ་ཞིག་གིས་སེམས་གཙོ་རིག་པའི་ཁུངས་གཏོགས་རེད་ཟེར་བ་ལྟ་བུ་བཤད་མཁན་འདུག དེ་ཚོ་དེ་རྦད་དེ་ནོར་སོང་བ་རེད། ནོར་འགྲོ་རྐྱེན་གང་རེད་ཟེར་ན། དངོས་གཙོ་དང་སེམས་གཙོ་ལྟ་བུ་དེ། ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་གྲུབ་མཐའ་བྱེ་བྲག་པ་གཉིས་རེད། ནང་བསྟན་ཆོས་ལུགས་ལྟ་བུ་ཡིན་ན། དེ་གཉིས་ལས་གང་དུ་མི་གཏོགས་པའི། གང་དུའང་མི་མཐུན་པ་ལྟ་བུ་དེ་འདྲ་ཞིག་རེད། དེའི་ནང་ནས་དངོས་གཙོ་ལྟ་བུ་ཆ་མཚོན་ན། ད་འཇིག་རྟེན་འདི་ཐོག་མར་དངོས་པོ་ལས་བྱུང་བ་རེད་ཅེས་ཟེར་བའི་འདོད་དགོངས་དང་གཅིག དེ་ནས་འདུས་ཤེས་སམ་སེམས་ཞེས་པ་དེ་དངོས་པོའི་འཕེལ་རིམ་གྱི་ཚད་ངེས་ཅན་ཞིག་ལ་ཐོན་དུས་གསར་དུ་ཚུལ་སྣང་བྱུང་བ་མ་གཏོགས། ཡེ་དང་པོ་ནས་དངོས་པོ་དང་ཆ་མཉམ་དུ་སེམས་ཟེར་བའི་བརྟན་ཚུགས་རང་དབང་གི་ཆོས་ཞིག་ཡོད་པར་གཏན་ནས་ཁས་ལེན་གྱི་ཡོད་མ་རེད། ཡིན་ནའང་ཆོས་ལུགས་རིག་པ་དང་ལྷག་པར་དུ་ནང་བསྟན་ཆོས་ལུགས་ལྟ་བུ་ལ་ཆ་མཚོན་དེ་འདྲ་ཞིག་གཏན་ནས་ཁས་ལེན་གྱི་ཡོད་པ་མ་རེད་པཱ། དེ་མི་ལེན་ཚུལ་འོག་ནས་བཤད་ན་ཆོག་གི་འདུག དེའི་རྐྱེན་གྱིས་ཆོས་ལུགས་དེ་ནམ་ཡང་ཆོས་ལུགས་ཀྱི་ཚད་ལ་འཇོག་དགོས་པ་སྟེ། དཔེར་ན་རིག་གནས་རིག་པ་བ་ཚོའི་ཡིན་ན། འཛམ་གླིང་གི་སྟེང་ནས་ཆེས་གནའ་རབས་ཀྱི་རིག་གནས་དེ་ལ་ཆོས་ལུགས་རིག་པ་དང་། བར་དར་མཚན་ཉིད་རིག་པ་དང་། གསར་དར་ཚན་རིག་ཅེས་རིག་ཚན་གསུམ་དུ་དགར་བ་རེད། དེ་ཚོ་ཡང་ནི། རྒྱུ་དང་། ངོ་བོ་དང་། བྱེད་ལས་གསུམ་ཀའི་སྟེང་ནས་ཐ་དད་དུ་དབྱེ་བ་དགར་བའི་སྒོ་ནས་བཤད་པ་རེད། ཚུལ་དེ་ལ་དཔག་པ་ཡིན་ན། ཆོས་ལུགས་རིག་པ་དེ། མ་གཞི་དངོས་གཙོ་དང་སེམས་གཙོ་ལྟ་བུ་མཚན་ཉིད་རིག་པ་ཁོངས་སུ་གཏོགས་པའམ། དེའི་ནང་དུ་འདུས་པ་ཟེར་ནའང་འདྲ། དེ་དང་ངོ་བོ་བདག་གཅིག་ཏུ་འབྲེལ་བ་ཞིག་གཏན་ནས་ཡོད་མ་རེད། གོ་སླ་བའི་སྒོ་ནས་བཤད་ན། ཆོས་ལུགས་ནི་ནམ་ཡང་ཆོས་ལུགས་དང་། མཚན་ཉིད་རིག་པ་ནི་མཚན་ཉིད་རིག་པ་ཡིན་རྒྱུ་མ་གཏོགས། དེ་གཉིས་ལ་གཞི་རྩའི་ལྟ་གྲུབ་ཀྱི་སྟེང་ནས། གཅིག་མཚུངས་ཟེེར་ནའང་འདྲ། དབྱེ་ཆད་མེད་མ་ལྟ་བུ་དེ་འདྲ་གཏན་ནས་ཡོང་ཐབས་ཡོད་མ་རེད།

དེ་ལས་འཕྲོས་ཏེ་ང་ཚོའི་འཇིག་རྟེན་གྱི་གྲུབ་རྒྱུ་དང་། འཇིག་རྟེནགྱི་རྣམ་གཞག་ལྟ་བུའི་ཐད་ནས། བོད་རྒྱུད་ནང་བསྟན་ཆོས་ལུགས་བཤད་སྟངས་སམ། དགོང་བཞེད་དེའི་རྣམ་གཞག་མདོར་བསྡུས་ཙམ་ཞིག་བཤད་ན་བསམ་པ་ཡིན། གང་རེད་ཟེར་ན། ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་ངས་གོང་ནས་བཤད་པ་ལྟར་དངོས་གཙོའི་ཕྱོགས་སུ་མ་རྩ་ནས་འགྲོ་ཡི་ཡོད་པ་མ་རེེད། ཡོད་མེད་དེ་ཡང་ཆ་རྐྱེན་གསུམ་གྱི་སྟེང་ནས་བརྟག་དགོས་རེད།

གཅིག འཇིག་རྟེན་གྱི་གྲུབ་རྒྱུ་མཐར་ཐུགས་དེ་དངོས་པོ་ཡིན་པར་ཁས་ལེན་མིན་དང་། གཉིིས། འདུ་ཤེས་སམ་སེམས་ཟེར་བ་དེ་དངོས་པོའི་འཕེལ་རིམ་ངེས་ཅན་ཞིག་ལ་བརྟེན་ནས་གསར་དུ་བྱུང་བ་ཡིན་མིན་དང་། གསུམ་འདུ་ཤེས་ཟེར་བ་དེ་དངོས་པོ་ལས་ལོགས་སུ་ཚུགས་ཐུབ་རང་རྐྱ་ཕེར་བའི་ཆོས་ཞིག་ཡོད་མེད་དེ་ནི། བརྟག་ཐབས་ཟེར་ནའང་འདྲ། གཞི་རྩའི་ཁྱད་པར་རྣམ་པ་གསུམ་གྱི་སྒོ་ནས་གཞུང་ལུགས་གང་དང་གང་དེ་ཉིད་དངོས་གཙོའི་ཕྱོགས་སུ་གཏོགས་མིན་དང་། དངོས་གཙོའི་ལྟ་གྲུབ་དང་མཐུན་མིན་ལྟ་དགོས་པ་རེད། དེའི་ནང་ནས་གཞན་གཉིས་རེ་ཞིག་བཞག་ནས། སྐབས་འདི་ནས་འཇིག་རྟེན་གྱི་འབྱུང་རྒྱུ་དང་། འཇིག་རྟེན་གྱི་ངོ་བོའི་ཆ་ནས་མཐུན་མིན་གྱི་སྐད་ཆ་ཉུང་ངུ་ཙམ་ཞིག་བཤད།

དེ་ལས། དང་པོ་ང་ཚོའི་ནང་པ་སངས་རྒྱས་པའི་ཆོས་ཀྱི་གཞུང་ལུགས་ནང་གི་ཚབ་མཚོན་རྩམ་ཆོས་ས་ལའི་རྒྱང་པའི་མདོ་ཟེར་བ་ཞིག་ཡོད་རེད་པཱ། དེའི་ནང་དུ་བརྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རྣམ་བཞག་དེ་བཤད་པའི་སྒོ་ནས་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་གྲུབ་ཚུལ་ཉུང་བསྡུས་ཙམ་ཞིག་བཤད་ཡོད་པ་རེད། དེ་དང་། དེ་མིན་ང་ཚོའི་མངོན་པ་མཛོད་ཀྱི་མཛོད་གནས་བཞི་པའི་མགོ་ནས་ལས་ལས་འཇིག་རྟེན་སྣ་ཚོགས་བསྐྱེད་ཟེར་བ་ནས་མགོ་བཟུང་སྟེ་འཇིག་རྟེན་གྲུབ་ཚུལ་ཞིག་བཤད་ཡོད་རེད། དེ་ཚོ་གང་ལ་བལྟས་པ་ཡིན་ནའང། ནང་པ་སངས་རྒྱས་པའི་ཆོས་ལུགས་འདིས་འཇིག་རྟེན་ཟེར་བ་འདི་ལས་དང་ཉོན་མོང་ལས་གྲུབ་པ་རེད་ཟེར་བ་རེད། དེ་གང་རེད་ཟེར་ན། དཔེར་ན། ང་ཚོ་ལས་ཉོན་དེ་ཟད་སོང་བ་ཡིན་ན་ཐར་པ་ཐོབ་པ་དང་། ཐར་པ་ཐོབ་པའི་གནས་སྐབས་ན་ཕྱི་རོལ་སྣོད་ཀྱི་སྣང་བ་དང་། ནང་བཅུད་ཀྱི་དངོས་པོ་འདི་གཉིས་ཀ་སྣང་མེད་ཀྱི་ངང་ཟེར་བའམ། སྣང་བ་དེ་ཡོངས་སུ་འགག་པའི་སྒོ་ནས་ཆོས་ཉིད་ཀྱི་ཀློང་དུ་རོ་མཉམ་འགྲོ་ཞེས་དེ་འདྲ་བཤད་ཀྱི་ཡོད་པ་རེད། ཚུལ་དེ་དག་གང་ལ་དཔག་པ་ཡིན་ནའང་། ནང་པའི་གཞུང་ལུགས་ཀྱི་ནང་དུ་འཇིག་རྟེན་གྱི་འབྱུང་རྒྱུ་དེ་དངོས་པོ་ཡིན་པར་འདོད་པ་མ་རེད། གང་ལྟར་ལས་དང་ཉོན་མོང་ཞེས་བཤད་རུང་མ་བཤད་རུང་། རྩ་བ་སེམས་ལ་འཐུག་གི་འདུག་པཱ། དཔེར་ན་ལས་ཟེེར་ཡོང་དུས། སེམས་བྱུང་སེམས་ཀྱི་བགས་ཆག་སམ། དེ་འདྲ་དེ་ལ་ལས་ཞེས་ཟེར་བ་རེད། དེ་སྐྱེ་བྱེད་ཀྱི་ཉོན་མོང་ལྟ་བུ་ཡིན་ན། ཐོག་མའི་མ་རིག་པ་དང་། དེ་ལས་བྱུང་བའི་ཉོན་མོང་ཕྱི་མ་ ཉོན་མོང་སྣ་ཚོགས་པ་ཞིག་ཡོད་རེད་པ། གང་ལྟར་ལས་ཉོན་དེ་ཚོ་གང་ལ་གཏོག་པ་རེད་ཟེར་ན། སེམས་ཀྱི་ཆ་རུ་གཏོགས་པ་རེད་མ་གཏོགས། དངོས་པོའི་ཕྱོགས་སུ་གཏོགས་པ་མ་རེད། འཇིག་རྟེན་འདི་ཐོག་མར་ལས་ཉོན་ལ་བརྟེན་ནས་བྱུང་བ་ཡིན་པར་ཁས་བླངས་ཕྱིན་འཇིག་རྟེན་གྱི་གྲུབ་རྒྱུ་མཐར་ཐུག་དེ་སེམས་ཡིན་པར་ཁས་ལེན་དགོས་ཀྱི་ཡོད་པ་རེད་མ་གཏོགས་དངོས་པོ་ཡིན་པར་ཁས་ལེན་ཐབས་རྩ་བ་ནས་ཡོད་པ་མ་རེད། རེེད་དེ། མཚམས་འདི་ནས་བརྟག་པར་བྱ་བ་ག་རེ་ཡོད་རེད་ཟེར་ན། ད།

ནང་པ་སངས་རྒྱས་པའི་ཆོས་ཀྱི་གཞུང་ལུགས་ཀྱི་ནང་དུ་བརྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་ཕྱི་སྣོད་ཀྱི་འཇིག་རྟེན་གྲུབ་ཚུལ་དང་། ནང་བཅུད་ཀྱི་སེམས་ཅན་གྲུབ་ཚུལ་དེ་བཤད་ཡོང་དུས། མ་རིག་པ་ལས་འདུ་བྱེད་དང་། འདུ་བྱེད་ལ་བརྟེན་ནས་ཕྱི་སྣང་སྣོད་བཅུད་ཀྱི་སྣང་བ་ཁྲ་ལམ་མེ་བ་འདི་དག་རིམ་པར་གྲུབ་ཅིང་འབྱུང་ཡོང་བ་རེད་ཅེས་བཤད་ཀྱི་ཡོད་པ་རེད། དེ་ཡིན་དུས། འཁོར་བ་ལ་སྐྱེ་དགོས་ན་འཁོར་བའི་སེམས་ཅན་གང་དེའིཐོག་མར་འཇིག་རྟེན་གྱི་སྣང་བ་འདི་སྣང་བར་བྱེད་པའམ། ཡང་ན། འཇིག་རྟེན་དུ་རང་ཉིད་སེམས་ཅན་གྱི་སྐྱེ་བ་ཉིད་དུ་ལེན་དགོས་ན། ཐོག་མར་མ་རིག་པ་ཟེར་བ་དེ་འབྱུང་དགོས་པ་རེད་ཅེས་ཟེར་བ་རེད། མ་རིག་པ་ལ་ཡིན་ན། ཆོས་ཀྱིས་བདག་འཛིན་གྱིས་ཁྱད་པར་དུ་བྱེད་པའི་མ་རིག་པ་དང། གང་ཟག་གི་བདག་འཛིན་གྱི་ཁྱད་པར་དུ་བྱས་པའི་མ་རིག་པ་ཞེས་གཉིས་ཡོད་རེད་དེ། ཡིན་ནའང་། འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་དེ་གང་ཟག་གི་བདག་འཛིན་དུ་གཏོགས་པའི་མ་རིག་པ་དེ་རེད། གང་ཟག་གི་བདག་འཛིན་ངོས་འཛིན་དགོས་པ་ཡིན་ན། རང་རྒྱུད་ཀྱི་ཕུང་པོ་ལྔ་ལ་དམིགས་ནས། ང་དང་ང་ཡུལ་འཛིན་པའི་རྟོགས་པ་ཁྱད་པར་ཅན་ཞིག་ལ་གང་ཟག་གི་བདག་འཛིན་ཟེར་བ་རེད། དེ་འདྲའི་གང་ཟག་གི་བདག་འཛིན་དེ་སྐྱེ་བར་བྱེད་པ་ལ། དམིགས་པའི་རང་རྒྱུད་དུ་བསྡུས་པའི་ཕུང་པོ་ལྔ་ངེས་པར་དུ་ཡོད་དགོས་པ་རེད། རང་རྒྱུད་ཀྱི་བསྡུད་པའི་ཕུང་པོ་ལྔ་ལ་དམིགས་པའི་སྒོ་ནས་ངའོ་སྙམ་པའི་རྟོག་པ་སྐྱེས་པ་དེ་ལ་གང་ཟག་གི་བདག་འཛིན་དུ་གྱུར་པའི་མ་རིག་པ་ཟེར་བ་རེད། ད། དེ་འདྲའི་རྟོག་པ་ཞིག་ལ་རྟེན་ནས་འཇིག་རྟེན་གྱི་སྣང་བ་སྣ་ཚོགས་པ་ཟེར་ནའང་འདྲ། སེམས་ཅན་གྱི་སྐྱེ་སྲིད་དེ་འབྱུང་གི་ཡོད་པ་རེད་ཅེས་ཟེར་བ་རེད། གང་ལྟར་ཀྱང་རིན་ཆེན་ཕྲེང་བའི་ནང་དུ། ཐོག་མར་མ་རིག་པ་དེ་བྱུང་ནས། དེ་ལ་བརྟེན་ནས་བརྟེན་འབྲེལ་ཡན་ལག་བཅུ་གཉིས་ལུག་འབྱུང་གི་སྒོ་ནས་འབྱུང་བར་བཤད་པ་རེད། དེ་མིན་ནའང། དབུ་མ་འཇུག་པའི་ནང་དུ། དང་པོ་བདག་ཏུ་མངོན་པར་ཞེན་གྱུར་ཅིང་།།དངོས་པོ་རྣམ་ལ་བདག་གི་ བཟུང་ནས། །ཟོ་ཆུན་བཞིན་དུ་འགྲོ་བ་སྙིང་རྗེ་

གྱུར་གང་དེ་ལ་འདུད། །ཅེས་དབུ་མ་འཇུག་པ་མགོ་ཐོག་མར་བརྩོམ་པའི་ཐད་དུ་སེམས་ཅན་གྱི་སྐྱེ་སྲིད་འགྲུབ་ཚུལ་ཆ་མཚུངས་པའི་བཤད་པ་ཞིག་བཏང་ཡོད་པ་རེད། དེར་མཚུངས། ཚད་མ་རྣམ་འགྲེལ་གྱི་ནང་དུ་ཡིན་འང་། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཞེས་པ་ལྟ་བུ། གང་ལྟར་མ་རིག་པ་དེ་ཡོངས་སུ་ལྡོག་པའི་སྟོབས་ཀསྱི་འཁོར་བ་ལས་ཕར་གྲོལ་རྒྱུ་དང་། མ་རིག་པ་ལ་བརྟེན་ནས་འཁོར་བའི་སྐྱེ་སྲིད་འགྲུབ་ཚུལ་དེ་འདྲ་བཤད་ཡོད་པ་རེད། མཐར་གཏུགས་ཏེ་བཤད་ན། ད། མ་རིག་པ་ལ་བརྟེན་ནས་སེམས་ཅན་གྱི་སྐྱེ་སྲིད་དེ་འགྲུབ་པར་བཤད་ཡོད་པ་རེད། དེ་འདྲ་ཡིན་དུས། མ་རིག་པ་ཟེར་བ་དེ་གོང་དུ་བཤད་པ་ནང་ལྟར་རང་རྒྱུད་ཀྱི་ཕུང་པོ་ལྔ་ལ་དམིགས་པའི་ང་དང་ང་ཡུལ་འཛིན་པའི་རྟོགས་པ་དེ་འདྲ་ཞིག་ལ་མ་རིག་པ་ཟེར་བ་རེད། འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་དང་། འཁོར་རྩ་རུ་གྱུར་པའི་མ་རིག་པ་ཟེར་ནའང་དེ་རེད།

དེ་འདྲའི་མ་རིག་པ་ཞིག་སྐྱེ་བར་བྱེད་པ་ལ། རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལྔ་དེ་དགོས་ཀྱི་ཡོད་པ་རེད། རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལྔ་ལ་དམིགས་པའི་སྒོ་ནས། ད། ངའོ་སྙམ་པའི་རྟོགས་པ་ཞིག་སྐྱེས་ན། དེ་གང་ཟག་གི་བདག་འཛིན་དུ་གྱུར་པའི་མ་རིག་པ་རེད། དེ་འདྲའི་གང་ཟག་གི་བདག་འཛིན་དུ་གྱུར་པའི་མ་རིག་པ་དེ་འཁོར་བའི་རྩ་བ་ཡིན་ཟེར་བ་རེད། ད། དེའི་སྟེང་ནས། གཅིག རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུག་འབྱུང་གི་རིམ་པ་དེ་བཤད་ཡོང་དུས། ཐོག་མར་མ་རིག་པ་སྐྱེ། དེ་ནས་འདུ་བྱེད་དམ་ལས་བསགས། དེ་ལ་བརྟེན་ནས་མི་གཟུགས་དེ་སྐྱེ་མཆེད་ལ་སོགས་པ་རག་པའི་ཕུང་པོ་དེ་གསར་དུ་ཚུར་གྲུབ་དགོས་ཅེས་བཤད་རེད་པཱ། དེ་འདྲ་ཡིན་དུས། དེའི་མཚམས་སུ་དོགས་པ་ག་རེ་ཡོད་རེད་ཟེར་ན། མ་རིག་པ་མེད་པའི་ཡར་སྔོན་དུ། རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལྔ་དེ་ཡོད་དམ་མེད། གལ་སྲིད་མེད་པ་ཡིན་ན་དེ་ལ་དམིགས་པའི་ང་ཡུལ་འཛིན་པའི་ཐོག་མའི་མ་རིག་པ་དེ་འབྱུང་ཐབས་ཡོད་མ་རེད། གལ་ཏེ་རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལྔ་དེ་ཡོད་དགོས་ན། དེའི་གོང་དུ་མ་རིག་པ་དེ་ཡོད་དགོས་རེད། མ་རིག་པ་ལ་བརྟེན་ནས། ལས་བསགས། ལས་བསགས་པ་ལ་བརྟེན་ནས་མིག་གཟུགས་དང་སྐྱེ་མཆེད་སོགས་པ་ཕུང་པོ་དེ་གསར་དུ་གྲུབ་དགོས་པ་རེད་པཱ། དེའི་ཆ་དེ་ནའང་འགལ་བའི་ཆ་དེ་འདྲ་ཞིག་ཡོད་རེད།

གཉིས་པ། གང་རེད་ཟེར་ན། མི་རིག་པ་དང་འདུ་བྱེད་ལ་སོགས་པ་ལ་བརྟེན་ནས་ཕྱི་ནང་སྣོད་བཅུད་ཀྱི་སྣང་བ་འདི་བྱུང་ཡིན་ཅེས་བཤད་བཞག་པ་ཡིན་ན། གཙོ་ཆེར་ལས་དང་ཉོན་མོང་གཉིས་ཀྱི་ནང་ནས་དངོས་རྒྱུ་དེ་ལས་དང་། རྒྱུད་རྒྱུ་དེ་ཉོན་མོང་རེད་པ། ང་ཚོའི་ཕྱི་རོལ་གྱི་རི་ར་བ་ཁང་ཁྱིམ་དང་། ཉི་ཟླ་གཟའ་སྐར་ལ་སོགས་པའི་སྣང་བ་བཀྲ་ལམ་མེ་བ་འདི་སེམས་ཅན་རང་རང་གི་ལས་ལ་བརྟེན་ནས་བྱུང་བ་རེད་ཟེར། མངོན་པ་མཛོད་ཀྱི་མཛོད་གནས་བཞི་པའི་མགོར་ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ་ཞེས་བཤད་ཡོད་པ་དེ་རེད། ད། གལ་ཏེ། ཕྱི་ནང་སྣོད་བཅུད་ཀྱིསྣང་བ་བཀྲ་ལམ་མེ་འདི་སེམས་ཅན་རང་རང་གི་ལས་ཀྱི་སྣང་བ་ཡིན་ན། མི་ཡུལ་འདིར་ཆ་མཉམ་དུ་སྐྱེས་པའི་དེང་སང་གོ་ལའི་ཐོག་ཏུ་མི་གྲངས་དུང་ཕྱུར་བདུན་བཅུ་ཡས་མས་ཤིག་ཡོད་རེད། དེ་ཚང་མའི་མཐོང་སྣང་དུ་གྱུར་པའི་འཇིག་རྟེན་འདི་ཆེ་ཚད་དང་། ཞེང་ཚད། ཡང་ན་དག་ཚད། གཙང་དང་མི་གཙང་གི་ཚད་གཞི་དེ་འདྲ་མཚུངས་ཡིན་གྱི་ཡོད་རེད། བྱེ་བྲག་ཏུ་མི་དེ་གཟུགས་ཡག་གཙོག་དང་། རྒྱུ་ཆེ་ཆུང་། དབང་གྲགས་ཡོད་མེད། མདོར་ན་ཉིན་རེའི་སྐྱིད་སྡུག་གི་བྱ་བ་ཡོད་ཚད་དམ། གང་ལྟར་

ཕྱི་ནང་སྣོད་བཅུད་ཀྱི་སྣང་ཡོད་ཚད་རང་རང་གི་ལས་ཀྱིས་སྣང་བ་རེད་ཟེར་གྱི་ཡོད་པ་རེད། སྤྱོད་འཇུག་ཏུའང་། ལྕགས་སྲེག་ས་གཞི་སུ་ཡིས་བྱས།།མེ་ཚོགས་སྤུ་གྲི་གང་ལས་བྱུང་།།དེ་དག་ཐམས་ཅད་ཡོངས་རྫོགས་དེ།།སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཅེས་བཤད་ཡོད་རེད། གང་ལྟར་མ་དག་པའིསྣང་བ་བརྟེན་ནས་མ་དག་པ་དང་། དག་པའི་སེམས་ལ་བརྟེན་ནས་དག་པའི་སྣང་བ་འབྱུང་རྒྱུ་ཕྱི་ནང་སྣོད་བཅུད་ཀྱི་སྣང་བ་ཡོངས་རྫོགས་དེ་སེམས་སམ་ལས་ལས་བརྟེན་ནས་གྲུབ་པ་རེད་ཅེས་བཤད་ཡོད་པ་རེད། དེའི་ཆ་ནས་བལྟས་པ་ཡིན་ན། སྤྱི་ལྡོག་ནས་ལས་དང་ལས་ཀྱི་སྣང་བ་དེ་བཤད་པའི་གནས་སྐབས་ན། སྐྱེ་འགྲོ་སུ་ལ་མཚོན་ནའང་གོ་ལའི་སྟེང་གི་སྐྱེ་འགྲོ་ཡོང་རང་རང་གི་ཐུན་མོང་མ་ཡིན་པའི་བདེ་སྡུག་ཡོད་རེད། དཔེར་ན། རྒྱུ་འབྱོར་བ་ཆེ་ཆུང་དང་། ཁེ་གྲགས་དབང་ཐང་ཆེ་ཆུང་གི་ཁྱད་པར་དེ་འདྲ་ཡོད་རེད། དེ་ཚང་མ་དེ་སེམས་ཅན་རང་རང་གི་སྔར་བསགས་ཀྱི་ལས་ལ་ཁྱད་པར་མི་འདྲ་བ་ཡོད་སོང་བའི་རྐྱེན་གྱིས་ད་གང་གི་སྣང་བ་ལ་བདེ་སྡུག་དང་། འབྱོར་འཁོས་བཟང་ངན་སྣ་ཚོགས་ཡོང་བ་རེད་ཅེས་དེ་འདྲ་བཤད་པ་རེད། བཤད་བྱ་དེ་མཐར་གཏུགས་སོང་ན། སེམས་ཅན་རང་རང་ལ་ཐུན་མོང་མ་ཡིན་པའི་ལས་རེ་རེ་བསགས་ཚུལ་ཡོད་རེད། ལས་དེབསགས་ཚུལ་གཏན་ནས་འདྲ་བ་མ་རེད་ཟེར། དེ་ལ་བརྟེན་པའི་ལས་ཀྱི་སྣང་བ་དེའང་འདྲ་བ་མ་རེད་ཅེས་དེ་འདྲ་བཤད་པ་རེད། ད་ཡོད་འཇིག་རྟེནགྱི་མི་སུ་ཡིན་རུང་དེ་ལ། མདོག་དབྱིབ་ཀྱི་ཆ་དང་། རྒྱུ་འབྱོར་བ་ཡོད་མེད་ཀྱི་ཆ་དང་། གནས་ཡུལ་གྱི་ཁང་ཁྱིམ་ཁྱད་པར་གྱི་ཆ་ཚང་མའི་ཆ་ནས། རང་རང་གི་ཐུན་མོང་མ་ཡིན་པའི་སྣང་ཚུལ་སམ་གྲུབ་ཚུལ། གཤིས་ལུགས་རེ་རེ་ཡོད་པ་རེད་མ་གཏོགས་ཚང་མ་འདྲ་མཉམ་རེད་སོང་བ་དེ་འདྲ་གཏན་ནས་ཡོད་མ་རེད། དེ་མེད་རྒྱུ་དེ། སྔ་མའི་ལས་ལ་ཁྱད་པར་ཤོར་སོང་བའི་སྟོབས་ཀྱི་རེད་ཅེས་ཟེར་བ་རེད། སྤྱིར་ཡིན་ན། ལས་བསགས་པའི་དུས་སྐབས་ན་འདྲ་མཚུངས་སུ་བསགས་མི་སྲིད་པ་དང་། འབྲས་བུ་རྣམ་པར་སྨིན་པ་མྱོང་བའི་གནས་སྐབས་ནའང་། རྣམ་སྨིན་གཅིག་མཚུངས་སུ་མྱོང་མི་སྲིད་པ་དེ། སྤྱིའི་ཆ་ནས་ནང་པ་སངས་རྒྱས་པའི་ལས་འབྲས་ཀྱི་རྣམ་གཞག་ཞིག་རེད།

ཡིན་ནའང་། འཇིག་རྟེན་གྱི་སྣང་བའི་སྟེང་ནས་ཡིན་ན། འཇིག་རྟེན་གྱི་སྟེང་ན་ཡོད་པའི་མི་ལ་སོགས་པ་སྲོག་ཆག་ཡོངས་སུ་རྫོགས་པའི་ཐུན་མོང་དུ་སྣང་བཞིན་པའི་འཇིག་རྟེན་དེ་གཅིག་མཚུངས་དང་། དབྱེར་མེད། ཆིག་རྐྱང་ཞིག་སྣང་གི་ཡོད་རེད་མ་གཏོགས་དེ་ལ་ཐ་དད་ཞིག་གཏན་ནས་སྣང་གི་ཡོད་མ་རེད། དེའི་ཆ་ནས་བལྟས་པ་ཡིན་ན། འཇིག་རྟེན་གྱི་སྣང་བ་ཡོངས་སུ་རྫོགས་པ་དེ་ལས་ལས་གྲུབ་པ་རེད་ཅེས་ཟེར་བ་དེ་ལ་དོགས་པ་ཆེན་པོ་ཞིག་ཡོད་རེད།

དེ་ལས་གཞན་གང་རེད་ཟེར་ན། ང་ཚོའི་རགས་པའི་འཇིག་རྟེན་ཟེར་ནའང་འདྲ། ཉི་ཟླ་གཟའ་སྐར་འདི་ཚོ་ཚང་མ་ལས་ལ་བརྟེན་ནས་གྲུབ་པ་རེད་ཅེས་བཤད་རེད། ལས་ལ་བརྟེན་ནས་གྲུབ་པ་ཡིན་ན། དཔེར་ན་སེམས་ཅན་གཅིག་གི་ལས་ཟད་པའི་སྟོབས་ཀྱིས་ཡར་ཐར་པའི་གོ་འཕང་ཐོབ་སོང་བའི་གནས་སྐབས་ན། དེའི་འཇིག་རྟེན་སྣང་བྱེད་དུ་གྱུར་པའི་ལས་དེ་དག་པའང་། ལྡོག་པའམ། ཟད་སོང་བ་རེད་པཱ། ལས་ཟད་པ་ལ་བརྟེན་ནས་ཚུལ་མཐོང་འཇིག་རྟེན་འདི་ལ་ཅུང་ཟད་འཕོ་འགྱུར་རམ། འཕེལ་འགྲིབ་འདྲ་འདྲ་ཞིག་འགྲོ་ཨེ་མི་དགོས་བསམ་བསམ་རེད། ད་ཡོད་འཇིག་རྟེན་གྱི་སྣང་བ་འདི་སེམས་ཅན་དེ་ཉིད་ཀྱི་ལས་དང་འབྲེལ་བ་ཡོད་སོང་ན། ད། གལ་ཏེ་སེམས་ཅན་དེའི་རྒྱུད་ཀྱི་རྒྱུ་ལས་ཉོན་དེ་ལྡོག་པའི་སྟོབས་ཀྱིས་འབྲས་བུ་ལས་སྣང་གི་འཇིག་རྟེན་འདི་ལའང་འཕོ་འགྱུར་དང་། འཕེལ་འགྲིབ་འགྲོ་དགོས་པ་ཞིག་རེད། རྒྱུ་ལྡོག་ན་འབྲས་བུ་ལྡོག་པ་ཆོས་ཉིད་ཡིན་པའི་ཕྱིར།

ལྷག་པར་དུ་འགྲོ་བ་རིགས་སྤྱིའི་གནས་གཞི་སམ། བརྟེན་ཡུལ་རང་བྱུང་ཁམས་སམ། འཇིག་རྟེན་འདི་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་སྣང་བ་ཞིག་རེད་ཟེར་ཡོང་དུས། དེའི་ནང་ནས་སེམས་ཅན་དུ་མ་ཞིག་གི་ལས་ཟད་པའི་སྟོབས་ཀྱིས་གྲོལ་བ་འདྲ་ཐོབ་འགྲོ་བའི་གནས་སྐབས་ན། ཕྱིའི་འཇིག་རྟེན་ནམ། སེམས་ཅན་དེ་དག་གི་ལས་ཀྱི་འཕང་འབྲས་སམ། གྲུབ་འབྲས་སུ་རྟོགས་པའི་འཇིག་རྟེན་འདི་ལ་འགྱུར་ལྡོག་འགྲོ་དགོས་པ་ཞིག་རེད། གང་རེད་ཟེར་ན། སྤྱིར་སེམས་ཅན་རང་རང་ལས་དང་ཉོན་མོང་ཟད་པའི་སྟོབས་ཀྱིས་སེམས་ཅན་རང་སྣང་གི་འཇིག་རྟེན་དེར་འཕོ་འགྱུར་འགྲོ་བ་དེ་ནང་ཆོས་ཀྱི་ནང་དུ་བཤད་ཡོད་རེད་དེ། སྤྱི་ཁྱབ་ཀྱི་སྣང་ཚུལ་དེའི་སྟེང་ལའང་འགྱུར་བ་ཞིག་འགྲོ་དགོས་པ་རེད། དཔེར་ན། མི་བཅུའི་ནུས་པ་ལ་བརྟེན་ནས་འཁོར་ལོ་ཞིག་བསྐོར་དགོས་ན་མི་གཉིས་དང་གསུམ་གྱི་ནུས་པ་མེད་སོང་ན། འཁོར་ལོ་དེའི་འཁོར་ཚད་ལ་འགྱུར་བ་འགྲོ་དགོས་པ་ཆོས་ཉིད་རེད་པཱ། དེ་དང་མཚུངས་པར། ད་གང་གི་འཇིག་རྟེན་གྱི་སྣང་བ་འདི་སེམས་ཅན་སྤྱི་ཁྱབ་ཀྱི་ལས་བསགས་པའི་འབྲས་བུ་ཡིན་ན། སེམས་ཅན་འགའ་ཞིག་གི་ལས་དེ་ལྡོག་འགྲོ་དུས། རྒྱུ་དེར་སྟོང་ཁ་བུག་རལ་སོང་བའི་སྟོབས་ཀྱིས་འབྲས་བུ་སྣང་བ་དེ་ལའང་དམིགས་གསལ་གྱི་འཕོ་འགྱུར་འགྲོ་དགོས་པ་ལྟ་བུ་དེ་འདྲ་རེད།

ད་དུང་བཤད་བྱ་གཞན་ཞིག་ལ། ཚན་རིག་གི་མཐོང་དོན་ལྟར་ན་གདོད་མའི་ནག་ཁོང་གི་འབར་གས་ཆེན་མོ་དེ་སོང་ནས་རིམ་པར་འཇིག་རྟེན་འདི་རྒྱ་ཁྱབ་ཏུ་འཕེལ་འགྱུར་འགྲོ་ཡོང་དུས། འཇིག་རྟེན་གྱི་ཁམས་འདིའི་མཐའ་ཡི་རྒྱ་ཁྱོན་གྱི་ཚད་དེ་ཡང་ཡོད་རེད། ནང་ཆོས་ཀྱི་ནང་དུ་འཇིག་རྟེནགྱི་ཁམས་འདི་མཐའ་མེད་པ་ཞིག་བཤད་རེད་པཱ། དེ་ཡིན་དུས་སྐར་ཁམས་རྒྱ་སྐྱོད་དུ་འགྲོ་བཞིན་པའི་རྣམ་གཞག་འདིའི་སྟེང་ནས་བལྟས་ཡོང་ནའང་། མ་འོངས་པར་རིམ་པར་འཇིག་རྟེན་གྱི་དུས་ཚོད་དང་། བར་སྟོང་དང་། དངོས་པོ་གསུམ་གྱིས་གྲུབ་པའི་འཇིག་རྟེན་གྱི་ཁམས་ཆེན་མོ་འདི་རིམ་པར་རྒྱ་ཇེ་ཆེ་རུ་འགྲོ་རྒྱུ་ཡོད་པ་དང་། འགྲོ་བཞིན་པའི་སྣང་ཚུལ་དེས་མཐའ་དང་ཚད་ཡོད་པ་དེ་རྟོགས་ཐུབ་པ་རེད། ཡིན་ནའང་། ནང་ཆོས་ཀྱི་ནང་དུ་འཇིག་རྟེན་འདི་ཐོག་མ་དང་ཐ་མའི་མཐའ་མེད་པར་བཤད་ཡོད་པ་རེད། ལས་དང་ཉོན་མོང་ལ་ཚད་མེད་པ་དང་། དེ་ལ་བརྟེན་ནས་སྣང་བའི་འཇིག་རྟེན་གྱི་ཁམས་འདི་ལའང་མཐའ་དང་ཚད་མེད་པར་བཤད་འདུག་རྒྱུ་དེ་ཚོ་ལའང་ཅུང་ཟད་དོགས་པ་ཡོད་རེད། ད་མང་པོ་འདྲ་ཆགས་སོང་། ད་གནས་སྐབས་དེ་ཙམ་བྱེད།

༢༠༡༥ ༡༡ ༢༢ ཉིན་འཛུམ་གྲོལ་གྱིས་ཡིག་ངོར་ཕབས།

ཞུན་ཙི།

ཞུན་ཙིའི་(ཧ་ལམ་སྤྱི་ལོ་སྔོན་གྱི་༣༡༣-སྤྱི་ལོ་སྔོན་གྱི་༢༣༨ལོ)(རྒྱ་སྐད།: 荀子)མཚན་ལ་ཁོང་ཞུ། ཀྲའོ་རྒྱལ་ཁབ་ཀྱི་མི་ཡིན། ཁོང་ནི་ཀྲན་ཀུའོ་དུས་མཇུག་གི་རུའུ་ལུགས་པའི་བསམ་བློའི་ཚབ་བྱེད་མི་སྣ་གཙོ་བོ་ཡིན། ཁོས་ཁུང་ཙི་ལ་དད་བཀུར་བྱེད་ཀྱང་མེང་ཙི་ལ་དགག་པ་རྒྱག རྒྱལ་པོ་དང་བཙན་བདག་གཉིས་ཀ་གལ་ཆེན་ཡིན་པར་འདོད་ཅིང་། བྱམས་བརྩེ་ཁོ་ནས་སྲིད་སྐྱོང་བ་ལ་ངོ་རྒིལ་བྱེད།

ཧིང་ཧྲན་རི་བོ།

ཧིང་ཧྲན་རི་བོ་ནི་ཧྲན་ཞི་ཞིང་ཆེན་བྱང་ཕྱོགས་ཀྱི་ཧུན་ཡོད་རྫོང་ཁོངས་སུ་ཡོད་ལ་མཚོ་ངོས་ལས་མཐོ་ཚད་སྨིས་༢༠༡༧ཡོད། ཧིང་ཧྲན་རི་འདབས་ཀྱི་ཞོན་ཁུང་དགོན་པའི་ཨར་སྐྲུན་ཚང་མ་གཡང་གཟར་བྲག་ངོས་སུ་བཞེངས་ཡོད་པས་འོག་ནས་ཡར་ལ་བལྟས་ཚེ་ནམ་མཁར་དཔྱངས་ཡོད་པ་དང་འདྲ་ལ། རྒྱ་སྐད་"ཞོན་ཁུང་"ཞེས་པ་ཡང་ནམ་མཁར་དཔྱངས་བའི་དགོན་པའི་དོན་ཡིན། དགོན་པ་དེའི་རྟེན་གཙོ་བོ་ལ་སྟོན་པ་ཤཱཀྱ་ཐུབ་པ་དང་། ཏའོ་ཅའོ་ཆོས་ལུགས་ཀྱི་སྟོན་པ་ལའོ་ཙི། བཞུ་ལུགས་ཀྱི་སྟོན་པ་ཁུང་ཙི་གསུམ་བཞུགས་སུ་གསོལ། ཆོས་ལུགས་གསུམ་པོ་ལྷན་དུ་མཆོད་པའི་སྲོལ་དེ་ཀྲུང་གོའི་དགོན་པའི་ནང་དུ་ཧ་ཅང་མཐོང་དཀོན་པ་ཞིག་རེད།

སྐད་རིགས་གཞན་ཐོག།

This page is based on a Wikipedia article written by authors (here).
Text is available under the CC BY-SA 3.0 license; additional terms may apply.
Images, videos and audio are available under their respective licenses.